
ཀྲུང་ཧྭའི་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུར་འཁོར་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་ཤིང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་དང་རྒྱལ་ཆེའི་དམངས་གཉེར་དཔལ་འབྱོར་བ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཤིས་འཕྲིན་ནང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀ་ནི་ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཀ་དང་དཔལ་འབྱོར་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་ངོ་བདུན་ཅུའི་རིང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པའི་ལས་ཀ་གཙོ་བོར་དམིགས་ནས། ཀྲུང་གོ་གསར་པ་འཛུགས་བསྐྲུན་དང་བཅོས་བསྒྱུར་སྒོ་འབྱེད། དུས་རབས་གསར་པར་མདུན་དུ་སྐྱོད་པའི་རླབས་ཆེའི་ལག་ལེན་ཁྲོད་བྱས་རྗེས་གལ་ཆེན་བཞག་ཡོད་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག་ཏང་གིས་གནང་བའི་འགན་འཁྲིའི་ལས་འགན་ཕྲག་ཏུ་ཁུར་བ། བསམ་བློ་ཆབ་སྲིད་སྣེ་ཁྲིད་ཇེ་དྲག་གཏོང་བ་དང་སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་བདེ་བླགས་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་མི་སྣ་འཚར་ལོངས་ཡང་དག་ཡོང་བར་སྐུལ་སྤེལ།དམངས་གཉེར་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ཡོང་བར་འབད་པ་ཆེན་པོ་བྱེད་པ། ཡིད་ཆེས་ཇེ་དྲག་དང་མི་སེམས་གཅིག་ཏུ་བསྡུས་བྱས་ཏེ། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣ་ ཏང་གི་མཐའ་འཁོར་ནས་སྔར་བས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་དང་། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་གཅེས་ལས་བརྩོན་དང་ཁྲིམས་སྲུང་ལས་གཉེར། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་འཇལ་བ་བཅས་ཀྱི་དཔེ་བཟང་བསྟན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པར་སྟོབས་ཤུགས་འབུལ་བའི་ཐུགས་རེ་གནང་བ་རེད།
རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ། ཚེས་ཉེར་བཞི་ཉིན་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ནང་ཕེབས་ཤིང་གསུང་བཤད་གནང་སྟེ། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་ཤིས་ཚིག་ཕུལ་ནས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་གནང་ཞིང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་དོན་སྙིང་དང་ཁ་ཕྱོགས། བརྗོད་དོན། ལས་འགན་བཅས་ལ་གསལ་བརྗོད་ཟབ་མོ་གནང་ལ། རྒྱ་ཆེ་བའི་དམངས་གཉེར་དཔལ་འབྱོར་མི་སྣར་ཐུགས་རེ་ཆེན་པོ་དང་བླང་བྱ་གསལ་བོར་བཏོན་ནས། དུས་རབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀ་དང་དམངས་གཉེར་དཔལ་འབྱོར་བདེ་བླགས་ངང་འཕེལ་རྒྱས་འགྲོ་བར་རྩ་བའི་བརྩི་སྲུང་མཁོ་སྤྲོད་བྱས་ཡོད་པས། ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ཏེ། དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནི་ཏང་གི་དབུ་ཁྲིད་པའི་མི་དམངས་ཚོགས་པ་དང་ཚོང་ཚོགས་རྩ་འཛུགས་ཡིན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་ནི་ཏང་དང་རྒྱལ་ཁབ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཡིན་པས། རྒྱང་སྐྱོད་གསར་པའི་ཐོག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་དང་། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཁོང་དུ་ཡང་དག་ཆུད་པ། ཡིད་ཆེས་དང་མཐུན་སྒྲིལ། ཞབས་ཞུ། སྣེ་ཁྲིད། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། བདེ་བླག་གཉིས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་པ་གཙིགས་སུ་བཟུང་ནས་ལས་འགན་ཡག་པོར་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་སེམས་ཤུགས་ཅིག་སྒྲིལ་དང་འགན་བརྩོན་ལེན་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་གཏོང་བ་དང་། རྒྱ་ཆེ་བའི་དམངས་གཉེར་དཔལ་འབྱོར་མི་སྣས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་ལ་འབྲངས་ཏེ། རང་རྟོགས་སྒོས་རྒྱལ་གཅེས་ལས་བརྩོན་དང་ཁྲིམས་སྲུང་ཚོང་གཉེར། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་འཇལ་བའི་དཔེ་བཟང་བསྟན་ནས། ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུསག་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་ཅན་ཞིག་བྱེད་དགོས། དམངས་ཉེར་དཔལ་འབྱོར ་འཕེལ་རྒྱས་སྤུས་ཚད་མཐོར་གཏོང་བར་སྐུལ་འདེད་བྱེད་པ་དང་། དམངས་གཉེར་ཁེ་ལས་ཆ་ཚང་ཞིང་ཚད་ཡང་དག་ལྡན་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་ལ་སྣེ་ཁྲིད་དེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འཛུགས་སྐྱོང་ནང་ཞུགས་ཧུག་ཐག་བྱས་ཏེ། ལས་ཀ་གཙོ་བོར་བརྟན་སྲུང་དང་དངོས་གཉེར་ལས་ཀ་ཇེ་ཆེར་གཏོང་དགོས། རྒྱ་ཆེ་བའི་དམངས་གཉེར་དཔལ་འབྱོར་མི་སྣ་སྣེ་ཁྲིད་ནས་མི་དམངས་ལྟེ་བར་བཟུང་བའི་འཕེལ་རྒྱས་ཀྱི་བསམ་པ་་ལག་བསྟར་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་ལས་འགན་ལག་བསྟར་བྱེད་པ་དང་མི་དམངས་ལ་ཕན་བདེ་སྔར་ལས་ཡག་པོ་བསྐྲུན་དགོས། ཆབ་སྲིད་ཀྱིས་ལྷན་ཚོགས་འཛུགས་པ་དང་མཐུན་སྒྲིལ་གྱིས་ལྷན་ཚོགས་སྐྱོང་བ། ཞབས་ཞུས་ལྷན་ཚོགས་དར་སྤེལ་གཏོང་བ། བཅོས་སྒྱུར་གྱིས་ལྷན་ཚོགས་ཇེ་དྲག་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་རྒྱུན་འཁྱོངས་དང་ཇེ་དྲག་བཏང་ནས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཟམ་དང་རོགས་འདེགས་ནུས་པ་སྔར་ལས་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥང་གིས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་ཤིས་འཕྲིན་སྒྲོག་སྦྱོང་གནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཧའོ་མིང་ཅིང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཞུས་ལིའུ་ཕིང་སོགས་ཀྱིས་སྔ་རྗེས་སུ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་མི་དམངས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཀའོ་ཀྲུང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གྲོས་ཚོགས་ནང་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་ལས་སྒྲུབ་པར་གཟེངས་རྟགས་གནང་ཡོད། གྲོས་ཚོགས་མ་འཚོགས་སྔོནདུ། ཝང་ཧུའུ་ཉིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་དེ་མིན་གཟེངས་རྟགས་ཐོབ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་སྔོན་ཐོན་ཚོགས་པའི་སྐུ་ཚབ་དང་ཕུལ་བྱུང་ལས་སྒྲུབ་པ་སོགས་ལ་ཐུག་འཕྲད་གནང་།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་གི་འགན་འཁུར་པ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྐུ་ཚབ། གཟེངས་རྟགས་ཐོབ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་སྔོན་ཐོན་ཚོགས་པའི་སྐུ་ཚབ་དང་ཕུལ་བྱུང་ལས་སྒྲུབ་པ། དམངས་གཉེར་དཔལ་འབྱོར་མི་སྣའི་སྐུ་ཚབ་སོགས་ཚོགས་ཆེན་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba