སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བར་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་རང་འཁྲིའི་ལས་ཀའི་ནང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་ཧུར་ཐག་བྱས་ནས་རིག་གནས་ཀྱི་འགན་འཁྲི་གསར་པར་དམིགས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱས་ནས་འབད་འཐབ་དང་ལག་ལེན་ཁྲོད་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་ཧུར་ཐག་འཇོག་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་རྗེས། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲེན་ཀུའེ་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གོ་བ་སྔར་བས་གསལ་བ་ལེན་ཐུབ་ཡོད།
ཁྲེན་ཀུའེ་ཡིས། ནག་ཆུ་གྲོང་ཁྱེར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། རིག་གནས་ཀྱི་འགན་འཁྲི་གསར་པར་དམ་པོར་དམིགས་པ། “གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད”ཅེས་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ། ས་མཐོའི་ཁྱད་ལྡན་རིག་གནས་ཕྱོགས་བསྡུས་གསར་གཏོད་ཁུལ་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ། བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། དགེ་མཚན་ལྡན་པའི་རིག་གནས་ཆ་རྐྱེན་བཅས་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ནང“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་དགོས”ཞེས་པ་དེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཡོད། དེ་ལས་བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཚའོ་ཧྲུའེ་ཆུན་ལ་སླད་ཕྱིན་གྱི་ལས་དོན་གཙོ་བོ་སྤེལ་ཕྱོགས་ཐད་ངོས་འཛིན་དེ་བས་གསལ་པོ་བྱུང་ཡོད།
ཚའོ་ཧྲུའེ་ཆུན་གྱིས། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཞིག་ཡིན་པའི་ངས། རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བའི་ཐད་ཀྱི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་གསར་གཏོད་རང་བཞིན་དང་ཚད་བརྒལ་པར་གོ་བ་གཏིང་ཟབ་ལེན་པ་དང་། དེའི་དགོངས་དོན་གྱི་ངོ་བོར་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་གོ་བ་ལེན་པ། དེའི་ནང་འདུས་པའི་རྩ་བའི་རིགས་པའི་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་འཆད་འགྲེལ་གང་ལེགས་བྱེད་ལ། སློབ་ཁྲིད་བྱེད་སྟངས་གསར་གཏོད་ཀྱང་བྱེད་པ། སློབ་མ་ཚོའི་སྣེ་ཁྲིད་དེ་རང་རེའི་ཏང་གི་བསམ་བློའི་གྲུབ་འབྲས་གསར་པ་སློབ་སྦྱོང་དང་དེ་བས་ཁོང་དུ་ཡག་པོ་ཆུད་པར་བྱས་ནས་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བཅས་བཞི་དང་ཟབ་གཏོང་དང་། ནང་འཇགས། གཞན་སྒྱུར་གསུམ་ལ་འབད་བརྩོན་བྱེད་པ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་སེམས་གཞོན་ནུ་སློབ་མ་ཚོའི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱས་ཏེ། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་བཅས་ཀྱི་སློབ་མ་ཚོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང“དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་པས། ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས”ཞེས་བླང་བྱ་བཏོན་གནང་བ་དེ་ལས་བྲག་ཡིབ་ཆུས་ཁྲོམ་གཞུང་ཏང་ཨུད་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་དྲིལ་བསྒྲགས་ཨུ་ཡོན་ཤུའེ་ལིན་གྱི་ལས་ཀའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
ཤུའེ་ལིན་གྱིས། “ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྔར་བས་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་དགོངས་པ་གལ་ཆེན་དེར་ཞིབ་འཇུག་དང་། དྲིལ་བསྒྲགས། འཆད་འགྲེལ་བཅས་བྱེད་པའི་ལས་དོན་མང་ཚོགས་དང་དེ་བས་འབྲེལ་འདྲིས་ཐུབ་པར་བྱེད་པ་མ་ཟད། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་གཙོ་གནད་ལས་དོན་དང་དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམ་པོར་དམིགས་ཏེ་འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་གཏམ་རྒྱུད་ཡག་པོ་ཤོད་པ། དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ལས་འགན་དེ་བས་ལེགས་པའི་སྒོ་ནས་འཁུར་གྱི་ཡིན”ཞེས་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ནང་བཏོན་གནང་བའི“ཤུགས་རྒྱག་དགོས་པ་བདུན”ལ་གོ་བ་ཇི་ལྟར་ལེན་དགོས་མིན་སྐོར་གླེང་སྐབས། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གི་གསར་འགྱུར་དྲིལ་བསྒྲགས་ལས་རོགས་ལི་ཤིན་གྱིས། “ཤུགས་རྒྱག་དགོས་པ་བདུན”ནི་ང་ཚོས་ལས་དོན་སྤེལ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་སྦྱངས་པ་གོ་ཆོད་མཐའ་འཁྱོངས་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ། བརྒྱུད་སྤེལ་བ་ཡག་པོ་ཞིག་བྱེད་པ། ཏང་གི་གསུང་སྒྲ་བཟང་པོ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བཅས་བྱས་ནས་གསར་འགྱུར་འཕྲིན་སྤེལ་གྱི་ནང་དོན་ཟབ་པ་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ། རང་སོའི་ཁྱད་ཆོས་ལྡན་པ་བཅས་ཡོང་བར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
འཕྲིན་སྟེགས། weikangba