ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ། རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་། ལས་བཟོ། རྒྱ་ཆེའི་སློབ་གྲྭའི་གྲོགས་མཆེད་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་70ཡི་རིང་རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་ལེན་མཐའ་གཅིག་ཏུ་བསྟར་བའི་ཁར། ཧར་པིན་དམག་དོན་ལས་གྲྭ་སློབ་གླིང་གི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་། རྩེར་སོན་ཚན་རྩལ་གྱི་དཀའ་གནད་འབོར་ཆེན་འགག་སྒྲོལ་བྱས་པ། གོ་མཚོན་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་འབོར་ཆེན་བཏོད་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་མཛུབ་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱིས་སློབ་ཆེན་བཙུགས་ནས་ལོ་70འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་དམག་འཐབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འཛམ་གླིང་གི་དམག་དོན་དང་། ཚན་རྩལ་གྱི་ལག་རྩལ་གསར་ཤོས། རྒྱལ་སྲུང་། དམག་དཔུང་དེང་རབས་ཅན་བཅས་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཕོད་པར་བྱེད་པ། བློ་བརྟན་འགྱུར་མེད་ངང་གསར་གཏོད་ཡར་བརྩོན་བྱེད་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་པ་གསར་པ་གསོ་སྐྱོང་བྱེད་པ། རྒྱལ་སྲུང་ཚན་རྩལ་རང་རྟེན་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བཅས་བྱས་ནས། དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།
རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་1ཉིན་གྱི་སྔ་དྲོར་ཁྲང་ཧྲ་རུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་ཞིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཐོག་མའི་བསམ་འདུན་བརྟན་སྲུང་དང་མུ་མཐུད་འབད་འཐབ་བྱེད་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་སློབ་ཁྲིད་དང་ཚན་ཞིབ་ཀྱི་ལག་ལེན་ཧྲིལ་པོའི་ནང་དོན་འཁྱོལ་བྱེད་པ། དམག་གྲབས་དང་དམག་རྒྱག་ལ་དམིགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། སློབ་གཉེར་གྱི་སྤུས་ཚད་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་མཐོ་རིམ་སློབ་གསོའི་སློབ་གླིང་དང་སློབ་གྲྭ་རྩེ་གྲ་ཧུར་ཐག་སྐྲུན་དགོས་ཞེས་མཛུབ་སྟོན་གནང་བ་རེད།
རྒྱལ་སྲུང་ཚན་རྩལ་སློབ་ཆེན་ནི་1953ལོར་ཧར་པིན་དུ་བཙུགས་པའི་དམག་དོན་ལས་གྲྭ་སློབ་གླིང་ནས་འཕེལ་རྒྱས་བྱུང་བ་ཞིག་དང་། ཀྲུང་དབྱང་དམག་ཨུད་ཐད་གཏོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་རྣམ་པའི་མཐོ་རིམ་སློབ་གསོའི་སློབ་ཆེན་ཞིག་རེད། སློབ་གྲྭ་བཙུགས་ནས་ལོ་70ཡི་རིང་སློབ་གྲྭ་དེས་ཤེས་ལྡན་མི་སྣ་སྣ་ཚོགས་ཁྲི་20ལྷག་ཙམ་སྔ་རྗེས་སུ་གསོ་སྐྱོང་བྱས་ཡོད་ལ། རིམ་འདས་རྩིས་རྒྱག་དང་སྲུང་སྐར་ཕྱོགས་སྟོན་སོགས་ལག་རྩལ་གསར་ཤོས་ཀྱི་ཁྱབ་ཁོངས་སུ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་མི་ཉུང་བ་བླངས་ཡོད།
འཕྲིན་སྟེགས། weikangba