—ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་དཔྱད་པ།
ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། “རྒྱལ་དོན་གྱི་ཆེ་ཕྱོགས”ཕྲག་ཏུ་བརྟན་པོར་འཁུར་བ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་རྟོགས་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་བཞག་སྟེ་ལྟ་ཞིབ་དང་ཇུས་འགོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་གནས་ཀྱི་མ་ལག་ཐད་དངོས་གནས་དྲང་གནས་ཀྱིས་གྲུབ་འབྲས་བླངས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དགོས།
མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན། ཆེས་ཆེ་བའི་ཡིབས་ཤུགས་ཀྱང་སྐྱེ་ཁམས་ཕྱོགས་སུ་ཡོད། ང་ཚོས་བརྗོད་དོན་སློབ་གསོ་སྤེལ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་གལ་ཆེན་བཅས་ངོས་འཛིན་ཟབ་མོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གོང་བུར་བསྒྲིལ་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་དོན་སྙིང་གཙོ་བོ་བསླབས་ནས་གོ་བ་དཔྱིས་ཕྱིན་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཐད་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ། དོན་གཉེར་གཙོ་བོར་འཛིན་པ་དང་། བརྗོད་དོན་སློབ་གསོའི་ལག་ལེན་རང་བཞིན་འབུར་དུ་བཏོད་དེ། ཟུང་འབྲེལ་དང་མཉམ་འདྲེས། མཐུད་སྦྲེལ་བཅས་ཀྱི་སྟེང་ཤུགས་འདོན་པ་དང་། རང་འགུལ་ངང་ལྟོས་བསྡུར་བྱེད་པ། བྱ་བ་སྒྲུབ་པའི་མགོ་རྩོམ་ས་དང་གནད་དོན་ཐག་གཅོད་པའི་ཤུགས་འདོན་ས་ཡང་དག་པར་འཚོལ་བ། བརྗོད་དོན་སློབ་གསོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ནུས་ལྡན་སྒོས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་དམ་པོར་དམིགས་ཏེ་བརྗོད་དོན་སློབ་གསོ་ལེགས་འཛིན་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་བ་བཅས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་དེང་རབས་ཅན་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
མཚོ་སྔོན་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་དུ་བསྟར་བའི་མཐོ་ས་གསར་པ་བསྐྲུན་པ་སྤྱི་འདོམས་སུ་བྱས་ནས་རྒྱུན་འཁྱོངས་བྱས་ཐོག སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཕྱོགས་ཡོངས་ནས་སྐྲུན་མགོ་བརྩམས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། ཡིན་ཡང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ནས་ད་དུང་གནད་དོན་ཁ་ཤས་ཐག་གཅོད་བྱས་མེད་པ་གསལ་བོར་ཤེས་དགོས། ང་ཚོས་འགན་འཁྲི་འདུ་ཤེས་དང་འོས་འགན་འདུ་ཤེས་ཏན་ཏིག་གིས་ཇེ་དྲག་ཏུ་གཏོང་བ་དང་། ལངས་གནས་ཇེ་མཐོར་གཏོང་བ། གནད་དོན་སྟོན་ཕྱོགས་སུ་བརྩི་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དོན་འཁྱོལ་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གཙོ་བོར་བརྩིས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། “རྒྱལ་དོན་གྱི་ཆེ་ཕྱོགས”བློ་ངོར་ངེས་པ་ཞིག་སྒྲུབ་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་གཙོ་གནད་བྱ་བར་དམ་དུ་དམིགས་ཏེ། སྔར་བས་ལངས་ཕྱོགས་མཐོ་བ་དང་ཤུགས་ཚད་ཆེ་བ། སྤྱོད་ཚུལ་ནན་མོ་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་གཙོ་བོ་ཐག་གཅོད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་འདི་བརྟན་པོར་བསྐྲུན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཤུགས་གང་ཡོད་ཀྱིས་སྲུང་སྐྱོབ་བྱེད་དགོས།
མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་འགན་འཁྲི་ཆེན་པོ་འཁུར་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། “ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འོས་འགན་ཆེན་མོ་ལེགས་པོར་ཁུར་ཏེ། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས། ང་ཚོར་སྤྲད་པའི་ལས་འགན་དང་འོས་འགན་གལ་ཆེན་ཏན་ཏིག་གིས་ཕྲག་ཏུ་འཁུར་བ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་གནས་མཚམས་དང“སྔར་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་དམ་པོར་ཁོང་དུ་ཆུད་པ། བརྗོད་དོན་སློབ་གསོ་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་འགན་དང་ལས་གཞི་གཙོ་བོ་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་དང་དཀའ་སྤྱད་འབད་བརྩོན་གྱི་སྤོབས་པར་བརྟེན་ནས། སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་ལེགས་འཛིན་དམ་ཟབ་བྱེད་པ། ལས་གཞི་ལག་བསྟར་བྱེད་པར་ཤུགས་གང་ཡོད་ཀྱིས་སྐུལ་སྤེལ་བྱེད་པ་བཅས་ཀྱིས། སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་སྒྲིག་བཀོད་ཀྱི་མི་འདང་ས་མགྱོགས་མྱུར་གྱིས་ཁ་གསབ་བྱེད་པ་དང་། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་སྣོན་པ་དང་། དག་ཐེར་ལྟ་ཞིབ་དང་ཁྲིམས་འཛིན་ལྟ་ཞིབ་ལ་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བྱས་ཏེ། ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་སྲུང་གི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་ཁྲིད་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དངོས་སྒྲུབ་ཁག་ཁུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་འཛིན་པར་སློབ་གསོ་དང་སྣེ་ཁྲིད་པ། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། དངོས་འཛིན་ནན་སྒྲུབ་དང་དངོས་ཕན་དོན་གཉེར་བྱེད་པ་དང་། གནད་དོན་ལ་དམིགས་པ་དང་དཀའ་ངལ་ཤེས་བཞིན་མདུན་དུ་སྐྱོད་པ། དུས་ཚོད་སྐར་ཆ་རེར་ཡང་སེམས་ལ་འཛིན་འོས་པའི་འགན་འཁྲི་འདུ་ཤེས་དང་ཧུར་ཐག་གིས་འགན་འཁྲི་འཁུར་བའི་སྤོབས་པས་ཏང་དང་མི་དམངས་ལ་ལས་འགན་དང་འགན་འཁྲི་ལེགས་པོར་འཁུར་བ་དང་། རྣམ་པ་གསར་པ་དང་བྱེད་སྟངས་གསར་པས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱིས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་གཏོང་བའི་གནམ་ས་གསར་པ་འབྱེད་དགོས། རང་འགུལ་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་བཞག་སྟེ་ལྟ་ཞིབ་དང་ཇུས་འགོད་བྱེད་པ་དང་། རང་འགུལ་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་མཉམ་འདྲེས་བྱེད་པ། མིག་སྔར་དང་ཡུན་རིང་། བྱེ་བྲག་དང་ཁྱོན་ཡོངས། འཕེལ་རྒྱས་དང་སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་པ། ཆ་ཚང་ལ་ཡང་དག་པ་དང་། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཐོན་རྫས་རིན་ཐང་གི་ཕྱོགས་བསྒྱུར་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཕྱོགས་བསྒྱུར་གོམ་འགྲོས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས།
སྐྱེ་ཁམས་ནི་མཚོ་སྔོན་གྱི་གཞི་མདོག་ཡིན་པ་དང་། གཞི་མདོག་དེ་ཡིས་བརྗོད་དོན་སློབ་གསོའི་གནས་སྟངས་ལ་ཞིབ་བཤེར་བྱེད་ཀྱིན་ཡོད། ང་ཚོས་བརྗོད་དོན་སློབ་གསོ་གོ་སྐབས་ཤིག་ཏུ་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྩ་བ་བརྟན་ཚུགས་དང་སེམས་སྒྲིལ་ཡར་སྐྱེད་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས། བརྗོད་དོན་སློབ་གསོ་ཟབ་སྤེལ་དངོས་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཀྱིས་ལས་འགན་གསར་པ་ལག་ལེན་དང་བྱེད་སྟངས་གསར་པ་མངོན་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། །
འཕྲིན་སྟེགས། weikangba