ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་གྱི་ཕྱི་དྲོ་ནས་ཚེས6ཉིན་གྱི་སྔ་དྲོ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། ཞི་ཅིན་ཕིང་སྔ་རྗེས་སུ་སུའུ་ཀྲོའུ་བཟོ་ལས་གླིང་གི་འགྲེམ་སྟོན་ལྟེ་གནས་དང་སུའུ་ཀྲོའུ་ཧྭ་ཞིན་ཡོན་ཁྲང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི། ཕིང་ཅང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་བཅས་སུ་ཕེབས་ནས་ཚན་རྩལ་མཐོ་བའི་གླིང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ལ་སྲུང་སྐྱོང་བྱས་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་གནང་། །









འཕྲིན་སྟེགས། weikangba