ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

2023-07-06
327

ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་ཇེ་དྲག་ཏུ་བཏང་ནས་མཐུན་སྒྲིལ་རོགས་ལས་རྒྱུན་འཁྱོངས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་སྔར་ལས་མང་བའི་གཏན་འཁེལ་རང་བཞིན་དང་དྲང་ནུས་གསར་སྣོན་བྱེད་དགོས།

 
 
 00:08 / 09:29
速度
洗脑循环
 


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་ནས། 《ཐོག་མའི་བསམ་འདུན་མ་བརྗེད་པར་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

1.jpg

 ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་ནས། 《ཐོག་མའི་བསམ་འདུན་མ་བརྗེད་པར་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་བཅུའི་སྔོན་ལ། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་དམིགས་ཏེ། ངས་མིའི་རིགས་འཚོ་གནས་བྱེད་སའི་གོ་ལ་ཧྲིལ་པོ་འདི་ཉིད་གྲོང་སྡེ་གཅིག་ལྟར་གནས་ཡོད་ཅིང་། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལས་དབང་ཐུན་མོང་ཚོགས་པ་ཞིག་ཏུ་འགྱུར་ངེས་ཡིན་པའི་གྲོས་གཞི་བཏོན་པ་ཡིན། ལོ་ངོ་བཅུའི་རིང་ལ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་གང་ལེགས་ཐོབ་པ་དང་། འདུ་ཤེས་འདི་ཉིད་བྱ་སྤྱོད་དངོས་སུ་སྒྱུར་བཞིན་ཡོད་པ་དང་བསམ་འདུན་འདི་ཉིད་དོན་དངོས་སུ་འགྱུར་བཞིན་ཡོད། བརྒྱུད་རིམ་དེའི་ཁྲོད་དུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་ཡོད། ང་ཚོས་ཕན་ཚུན་རོགས་རེས་དང་ཕྱར་བ་གྲུ་འདེགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་དུ་བློ་གཏད་ཆོག་པའི་ཟླ་གྲོགས་སུ་འགྱུར་བར་འབད་པ་དང་། ང་ཚོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། ཕྱོགས་སོ་སོའི་ལུགས་མཐུན་དང་བདེ་འཇགས་ཀྱི་དོ་ཁུར་ལ་ལྟ་རྟོག་བྱེད་པ། རིགས་སོ་སོའི་སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་སློང་ལ་གཅིག་གྱུར་གྱིས་ཁ་གཏད་འཇལ་བ་བཅས་བྱས་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱས། ང་ཚོས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བཅངས་ནས། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་ས་ཁོངས་མཉམ་ལས་ཀྱི་གྲོས་གཞིར་འབྲེལ་མཐུད་གང་ལེགས་བྱས་ཏེ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་མཐུན་སྦྱོར་དང་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ང་ཚོས་ཁྱིམ་མཚེས་མཛའ་མཐུན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། དཔལ་ཡོན་འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་བར་གླེང་མོལ་དང་དཀྱེལ་ཡངས་རྒྱུན་འཁྱོངས་བྱས་ལ། དཔལ་ཡོན་མི་འདྲ་བ་ཞི་བདེ་མཉམ་གནས་དང་འཆམ་མཐུན་མཉམ་གནས་ཡོང་བར་བྱས། ང་ཚོས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་དང་བཙན་དབང་དང་དབང་ཤེད་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་ནས། སྐད་ཆ་བཤད་རེས་བྱེད་པ་ལས་ཕན་ཚུན་ཁ་གཏད་དུ་མི་ལངས་པ་དང་། དཔུང་གྲོགས་བྱེད་པ་ལས་ཕན་ཚུན་མནའ་འབྲེལ་མི་བྱེད་པའི་རོགས་རེས་འབྲེལ་བ་བཙུགས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད།

2.jpg

 ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་ནས། 《ཐོག་མའི་བསམ་འདུན་མ་བརྗེད་པར་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་རྙོག་འཛིང་དང་ཟང་ཟིང་དུ་འགྱུར་བཞིན་ཡོད་པ་དང་། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་ནས། མིའི་རིགས་ཀྱི་སྤྱི་ཚོགས་སྔར་འཕྲད་མ་མྱོང་བའི་འགྲན་སློང་ལ་འཕྲད་ཡོད། མཐུན་སྒྲིལ་བྱེད་དམ་ཡང་ན་ཁ་བྲལ་བྱེད། ཞི་བདེ་ཡིན་ནམ་ཡང་ན་གདོང་གཏུག་བྱེད། མཉམ་ལས་བྱེད་དམ་ཡང་ན་འགྲན་རྒོལ་བྱེད་ཅེས་པའི་དྲི་བ་འདི་དག་ཡང་བསྐྱར་དུས་རབས་ཀྱི་དྲི་བ་ཞིག་ཏུ་གྱུར་ཡོད། ངའི་དྲིས་ལན་ནི། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་ཀྱིན་པ་དེ་ང་ཚོའི་རེ་སྙེག་བྱེད་ཡུལ་ཡིན་ལ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་སུས་ཀྱང་འགོག་མི་ཐུབ། ང་ཚོས་དུས་རབས་ཀྱིས་བཅོལ་བའི་ལས་འགན་ལྕི་མོ་ཕྲག་སྟེང་དུ་འཁུར་ནས། ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་ཆེད་གཏན་འཁེལ་རང་བཞིན་དང་དྲང་ནུས་སྔར་ལས་མང་པོ་སྣོན་དགོས།

3.jpg

ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་ནས། 《ཐོག་མའི་བསམ་འདུན་མ་བརྗེད་པར་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

 གཅིག ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ནས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས།

 གཉིས། ས་ཁུལ་གྱི་ཞི་བདེ་སྲུང་སྐྱོབ་དང་ཐུན་མོང་གི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

གསུམ། དངོས་བརྩོན་མཉམ་ལས་ལ་དམིགས་ཏེ་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་ཡོང་བར་བྱེད་དགོས།

 བཞི། ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ནས། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས།

 ལྔ། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་གཏོང་དགོས།

4.jpg

ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་ནས། 《ཐོག་མའི་བསམ་འདུན་མ་བརྗེད་པར་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། བགྲོད་ལམ་ཆེན་མོར་བསྐྱོད་པར་ཁེར་རྐྱང་དུ་ལུས་མི་སྲིད་ལ་ཀུན་དང་མཐུན་པར་བསྐྱོད་ན་ཕུགས་རྒྱང་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་དེང་གི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། མིའི་རིགས་ཡར་ཐོན་ཡོང་བའི་ཁ་ཕྱོགས་དང་མཐུན་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ན་གཞི་ནས་རྩ་འཛུགས་འདི་ཉིད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཇེ་ཆེར་གཏོང་ཐུབ།

ཚོགས་ཞུགས་མགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲུབ་འབྲས་མངོན་གསལ་ཅན་ལ་གདེང་འཇོག་གང་ལེགས་གནང་བ་དང་། དབྱི་ལང་རྒྱལ་ཁབ་དངོས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྲོད་ཞུགས་པར་དགའ་བསུ་ཞུ་བར་མ་ཟད། བྷེ་ཨུ་རུ་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྲོད་ཞུགས་པའི་གོ་རིམ་གང་མགྱོགས་ངང་སྒྲུབ་པར་རེ་ལྟོས་བྱེད་ཀྱིན་ཡོད། ཁོངས་མིའི་རྒྱལ་ཁབ་སོ་སོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་བ་དང་དེའི་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་མུ་མཐུད་དུ་ཆེ་རུ་བཏང་ནས། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། ས་ཁུལ་དང་འཛམ་གླིང་གི་ཡུན་རིང་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ནས། ཕན་ཚུན་ཡིད་ཆེས་དང་འདྲ་མཉམ་གླེང་མོལ། གཉིས་ཕན་མཉམ་ལས་བཅས་ཀྱི་དཔེ་མཚོན་དུ་འགྱུར་བར་འབད་དགོས། སྔར་ལས་ལྷག་པར་ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་བཏང་ནས་ཕན་ཚུན་རྒྱུས་ལོན་དང་མཐུན་སྦྱོར་བྱེད་པ་ཇེ་དྲག་ཏུ་བཏང་སྟེ་ས་ཁུལ་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་དང་། འདུ་ཤེས་འཛིན་སྟངས་ཁ་གཏད་ལ་ངོ་རྒོལ་དང་ཁ་ཕྲལ་དང་མཐོང་ཆུང་ཁྱད་གསོད་ལ་ངོ་རྒོལ་བྱེད་དགོས། ས་ཁུལ་ཕན་ཚུན་འབྲེལ་མཐུད་དང་བགྲོད་ལམ་ཆེན་མོ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དེ་ཡོ་རོབ་དང་ཡ་གླིང་གི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་ལ་འབྲེལ་མཐུད་བྱེད་པར་རོགས་སྐྱོར་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། ནུས་ཁུངས། ཚན་རྩལ། ཁོར་སྲུང་། གྲངས་ཀ་དཔལ་འབྱོར། མི་ཆོས་སོགས་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། ལག་གདང་མཉམ་སྦྲེལ་གྱིས་འབྲུ་རིགས་དང་ནུས་ཁུངས་ཉམས་ཉེན་དང་དེ་བཞིན་ནམ་ཟླའི་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོ་རང་བཞིན་གྱི་འགྲན་སློང་ལ་ཁ་གཏོད་དགོས། ཐུན་མོང་ཐོག་འཇིགས་སྐུལ་རིང་ལུགས་སོགས་སྟོབས་ཤུགས་གསུམ་པར་རྒོལ་རྡུང་བྱས་ཏེ། ས་ཁུལ་བདེ་འཇགས་འགོག་སྲུང་སྲ་བརྟན་དུ་གཏོང་དགོས། དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་སྲུང་འཛིན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས་འཛམ་གླིང་གི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཞིན་ཏི་ལིའི་བསྒྲགས་གཏམ》ལ་མིང་རྟགས་བཀོད་ནས་འགྲེམས་སྤེལ་བྱས་པ་མ་ཟད། ཐལ་ལྷུང་ཅན་གྱི་མཉམ་ལས་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་གསལ་བསྒྲགས་དང་། གཞི་གྲངས་ཅན་གྱི་ཚུལ་སྒྱུར་ཁྱབ་ཁོངས་ཀྱི་མཉམ་ལས་སྐོར་གྱི་གསལ་བསྒྲགས་མཉམ་དུ་སྤེལ་བ་དང་། གཞན་དབྱི་ལང་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གོ་གནས་སྤྲོད་རྒྱུའི་སྐོར་དང་། བྷེ་ཨུ་རུ་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྲོད་ཞུགས་པའི་སྐོར་གྱི་འོས་འགན་བརྗེད་ཐོ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི2030ལོའི་བར་གྱི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་སོགས་གྲོས་ཆོད་རབ་དང་རིམ་པར་ཆོག་མཆན་བཀོད།

གྲོས་ཚོགས་ཀྱིས་ཧྭ་སག་སི་ཐན་གྱིས2023ལོ་ནས2024ལོའི་བར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཐག་བཅད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་སྟེ་ཧིན་རྡུའི་ཙུང་ལི་མའོ་ཏིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་། ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧོ་མིན། ཝུའུ་ཚི་པའེ་ཁི་སི་ཐན་གྱི་ཙུང་ཐུང་སྨི་ཨར་ཆི་ཡུའེ་ཡེ་ཧྥུའུ་བཅས་དང་། ལྟ་ཞིབ་པའི་རྒྱལ་ཁབ་བྷེ་ཨུ་རུ་སུ་ཙུང་ཐུང་ལུའུ་ཁ་ཧྲིན་ཁའོ། དབྱི་ལང་གི་ཙུང་ཐུང་ལའེ་ཞི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལའེ་སུའུ་ཧི། ཀྲུའུ་ཞི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཐུའུ་ཁུའུ་མན་སི་ཐན་ཙུང་ཐུང་པའེ་ཨར་ཏི་མུའུ་ཧྭ་མའེ་ཏའོ་ཧྥུའུ། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའམ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་འཇིགས་སྐུལ་ལ་རྒོལ་བའི་ལས་ཁུངས་ཀྱི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས།

ཚའེ་ཆི་དང་ཝང་དབྱི་སོགས་གྲོས་ཚོགས་ལ་ཞུགས། །


  • 顶