ཞི་ཅིན་ཕིང་གིས་སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གླེང་མོལ་ཚོགས་འདུ་དང་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་སྐབས་དང་པོ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

2023-07-04
3986

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གླེང་མོལ་ཚོགས་འདུ་དང་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་སྐབས་དང་པོ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ཀྱི་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། འཛམ་གླིང་གི་མི་རིགས་སོ་སོས་རང་ཉིད་ཀྱི་ཁྱད་ཆོས་དང་མཚོན་རྟགས་ལྡན་པའི་དཔལ་ཡོན་གསར་སྐྲུན་བྱས་ཡོད། དཔལ་ཡོན་མི་འདྲ་བའི་བར་ཕན་ཚུན་འདྲ་མཉམ་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ན། མིའི་རིགས་ཀྱིས་དུས་རབས་ཀྱི་དཀའ་གནད་སེལ་བ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་བསམ་པའི་མཛུབ་སྟོན་བྱེད་ཐུབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་དུ་བཏང་སྟེ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ལག་བསྟར་བྱས་ནས། དཔལ་ཡོན་བརྗེ་རེས་དེ་དཔལ་ཡོན་འགལ་ཟླ་ལས་བརྒལ་བ་དང་། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་དེ་དཔལ་ཡོན་གདོང་གཏུག་ལས་བརྒལ་བ། དཔལ་ཡོན་ཁོང་ཡངས་དེ་དཔལ་ཡོན་མཆོག་འཛིན་ལས་བརྒལ་བར་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སོ་སོའི་རྒྱའི་རིག་པའི་མཁས་པ་དེ་ཀྲུང་ཕྱི་དཔལ་ཡོན་ལ་བྱང་ཆུབ་པའི་ཕོ་ཉ་བྱས་ནས། ཀྲུང་ཕྱིའི་རིག་གནས་འབྲེལ་འདྲེས་དང་མཛའ་གྲོགས་མཉམ་ལས་གཏིང་ཟབ་དུ་གཏོང་བར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད།

སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གླེང་མོལ་ཚོགས་འདུ་དང་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་སྐབས་དང་པོ་དེ་ཀྲུང་གོ་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཚེས3ཉིན་པེ་ཅིན་དུ་མགོ་བརྩམས་ལ། བརྗོད་དོན་ནི་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ལག་བསྟར་བྱས་ཏེ་མཉམ་དུ་དེང་རབས་ཅན་གྱི་འཆར་གཞི་གསར་བ་བཟོ་དགོས་ཞེས་པ་དེ་ཡིན། །

  • 顶