
ཟླ6པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞི་འཚམ་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞི་འཚམ་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་མོང་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡིན་ཞིང་། དུས་ཡུན་རིང་བོའི་ཁྱིམ་མཚེས་མཛའ་འབྲེལ་འཕེལ་རྒྱས་གཏོང་བ་ནི་ཕྱོགས་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་པའི་འཐབ་ཇུས་གདམ་ཀ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཡིན། ཀྲུང་གོས་ཀྲུང་མོང་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་ལ། མོང་གོལ་རྒྱལ་ཁབ་ཀྱི་ཡིད་ཆེས་རུང་བ་དང་རྒྱབ་བརྟེན་རུང་བའི་རོགས་ཟླ་ཡིན། ཀྲུང་གོས་མོང་གོལ་རྒྱལ་ཁབ་དང་མཉམ་དུ། ཀྲུང་མོང་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་བརྟེན་ནས། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་ཡིད་རྟོན། མཉམ་ལས་གཏིང་ཟབ་དུ་བཏང་ནས། ཀྲུང་མོང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། རང་ས་ཁུལ་ལ་སྔར་ལས་མང་བའི་གཏན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་བསྩོལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་མོང་གིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་རྒྱལ་ཁབ་སྒེར་ཚུགས་དང་རང་བདག མངའ་ཁོངས་ཆ་ཚང་ལ་བརྩི་བཀུར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རང་བདག་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་གནད་དོན་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མོང་གོལ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་བཅོས་བསྒྱུར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འབད་བརྩོན་བྱེད་བཞིན་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་དང་ལག་གདང་མཉམ་འབྲེལ་སྒོས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་དུ་བྱམས་བརྩེ་ཁོང་ཡངས་ཀྱི་འདུ་ཤེས་ཀྱིས་མོང་གོལ་དང་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་འབྲེལ་མཐུད་ལ་ཤུགས་བསྣན་ནས་ཀྲུང་མོང་དཔལ་འབྱོར་ཁྱམས་ར་འཛུགས་སྐྲུན་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཧུར་ཐག་གིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། མོང་གོལ་དང་མཉམ་དུ་བྱེ་འགྱུར་ཅན་འགོག་བཅོས་མཉམ་ལས་སྤེལ་ནས། མུ་མཐུད་དུ་མོང་གོལ་གྱི་སྡོང་ཕྲུག་དུང་ཕྱུར་བཅུ་འཛུགས་པའི་འཆར་གཞིར་རྒྱབ་སྐྱོབ་བྱ་རྒྱུ་ཡིན། ཀྲུང་གོས་མོང་གོལ་དང་ཏང་ཁག་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས་རྒྱལ་སྐྱོང་སྲིད་གཉེར་གྱི་བརྗེ་རེས་ཇེ་ཆེར་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་མོང་ནི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཡིན་པ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་གཅིག་མཚུངས་ཀྱི་ལངས་ཕྱོགས་འདོད་ཕྱོགས་ཡོད་པས། ཀྲུང་གོས་མོང་གོལ་གྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་སྲུང་འཛིན་བྱས་ཏེ། མཐའ་གཅིག་ཏུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་ཐུན་མོང་སྒོས་ཕན་ཚུན་བརྩི་བཀུར་དང་དྲང་བདེན་འདྲ་མཉམ། མཉམ་ལས་གཉིས་རྒྱལ་བཅས་ཀྱི་གསར་དར་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱེད་རྒྱུའི་རེ་བ་ཡོད།

ཟླ6པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞི་འཚམ་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན་ལ་ཐུག་འཕྲད་གནང་།
ཨའོ་ཡུན་ཨི་ཨར་ཏིན་གྱིས་བསྟན་དོན། མོང་ཀྲུང་ནི་རི་ཆུ་ཕན་ཚུན་འབྲེལ་བ་དང་དམངས་སེམས་གཅིག་ཏུ་འབྲེལ་ཞིང་། ལས་དབང་གཅིག་ཏུ་སྦྲེལ་ཡོད། མོང་གོལ་གྱིས་པྲོག་གསར་གློ་ཚད་རིམས་ནད་སྐབས་སུ་པེ་ཅིན་གྱིས་བདེ་བླག་ངང་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་དང་། མཐུན་སྒྲིལ་དང་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་ཆ་འཕྲིན་བརྒྱུད་སྒྲོག་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡིད་ཆེས་ཆེན་པོ་བསྩལ་པ་ནམ་ཡང་བརྗེད་མི་སྲིད། མོང་གོལ་གྱིས་ཀྲུང་གོས་རོགས་སྐྱོར་ཆེན་པོ་གནང་བའང་བརྗེད་མི་སྲིད། ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་གི་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ནས། ཀྲུང་གོའི་འཛམ་གླིང་སྟེང་གི་སྣེ་ཁྲིད་ནུས་པ་མངོན་པར་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་བྱེད་ཁོ་ཐག་ཡིན་པར་ཡིད་ཆེས་ཡོད། མོང་གོལ་གྱིས་ཀྲུང་གོ་དང་མཉམ་དུ། མོང་ཀྲུང་འབྲེལ་བ་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་དུ་གསར་སྐྲུན་བྱེད་འདོད་ཡོད། མོང་གོལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཐའེ་ཝན་དང་བོད་ལྗོངས། ཞིན་ཅང་སོགས་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱས་ནས། མུ་མཐུད་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་གྱི་འཕེལ་རྒྱས་བགྲོད་ལམ་རྒྱབ་སྐྱོར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། སྲིད་ཏང་དང་ན་གཞོན་བརྗེ་རེས་ལ་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བརྒལ་བའི་ལྕགས་ལམ་དང་འགག་སྒོ་འབྲེལ་མཐུད་སོགས་ཀྱི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། ལྗང་མདོག་འཕེལ་རྒྱས། རུལ་སུངས་ལ་ངོ་རྒོལ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་དུ་གཏོང་རྒྱུ་ཡིན།
ཝང་དབྱི་ཐུག་འཕྲད་ལ་ཞུགས། །