
ཟླ་བ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཨ་རིའི་རྒྱལ་དོན་འགོ་འཛིན་པུའུ་ལིན་ཁན་ལ་ཐུག་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས། འཛམ་གླིང་འཕེལ་རྒྱས་འགྲོ་བ་དང་དུས་རབས་ལ་འགྱུར་ལྡོག་བྱུང་བཞིན་ཡོད། འཛམ་གླིང་ལ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་མཁོ་བས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡག་པོ་ཡོང་ཐུབ་མིན་ནི་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད། ཡངས་ཤིང་ཆེ་བའི་སའི་གོ་ལའི་ཐོག་ཀྲུང་གོ་དང་ཨ་རི་གཉིས་སོ་སོའི་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཤོང་ཐུབ། ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་གཉིས་ཀ་རང་གུས་རང་ཚུགས་རང་སྟོབས་ལྡན་པའི་མི་དམངས་ཡིན་ལ། ཚང་མ་ལ་བདེ་ཞིང་སྐྱིད་པའི་འཚོ་བར་བརྩོན་ལེན་བྱེད་པའི་དབང་ཆ་ཡོད། རྒྱལ་ཁབ་གཉིས་བར་གྱི་ཐུན་མོང་ཁེ་ཕན་ལ་མཐོང་ཆེན་བྱེད་དགོས་ལ། སོ་སོས་རྒྱལ་ཁ་བླངས་པ་དེ་ནི་ཕན་ཚུན་གྱི་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མིན། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སེམས་ཁྲལ་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འགལ་ཟླ་ཁ་གཏད་འབྱུང་མི་བསམ་པ་དང་། ཀྲུང་གོ་དང་ཨ་རི་སུའི་ཕྱོགས་གང་ལའང་ཕྱོགས་ལྷུང་དང་ཕྱོགས་རེས་བྱེད་མི་འདོད་པས། ཀྲུང་གོ་དང་ཨ་རིའི་བར་འཆམ་མཐུན་མཉམ་གནས་དང་མཛའ་མཐུན་མཉམ་ལས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་དང་མི་དམངས། འཛམ་གླིང་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཐག་བཅད་ནས། འཛམ་གླི་ཞི་བས་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས་པ་དང་། རྙོག་དྲ་ཆེ་བའི་འཛམ་གླིང་ལ་བརྟན་བརླིང་ནུས་པ་དང་གཏན་ཁེལ་ནུས་པ། དགེ་མཚན་ནུས་འདོན་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་མོའི་བར་གྱི་འགྲན་རྩོད་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་འཚམ་པར་མ་ཟད། ཨ་རི་རང་ཉིད་ཀྱི་གནད་དོན་དང་འཛམ་གླིང་ཡོངས་ལ་འཕྲད་པའི་འགྲན་སློང་ཐག་གཅོད་མི་ཐུབ། ཀྲུང་གོས་ཨ་རིའི་ཁེ་ཕན་ལ་བརྩི་བཀུར་བྱེད་པ་དང་། ཨ་རི་ལ་ཁ་གཏད་འཇལ་བ་དང་ཨ་རིའི་ཚབ་བྱེད་འདོད་མེད། དེ་དང་འདྲ་བར། ཨ་རིས་ཀྱང་ཀྲུང་གོར་བརྩི་བཀུར་དང་། ཀྲུང་གོའི་ཚུལ་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཉན། སུས་ཀྱང་རང་ཉིད་ཀྱི་འདོད་བློ་ལྟར་ཕ་རོལ་ལ་བཙན་པོ་བྱེད་མི་ཉན་ལ། ཕ་རོལ་གྱི་ཚུལ་མཐུན་འཕེལ་རྒྱས་ཁེ་དབང་བཙན་འཕྲོག་དེ་བས་བྱེད་མི་ཉན། ཀྲུང་གོས་ནམ་ཡང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བདེ་བླགས་ངང་བརྟན་བརླིང་ཡོང་བའི་རེ་བ་ཡོད། རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་དཀའ་ངལ་དུ་མ་ཁྱད་གསོད་བྱས་ནས། ཕན་ཚུན་བརྩི་བཀུར་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེའི་མཉམ་གནས་ལམ་བུ་ཡང་དག་ཅིག་རྙེད་པའི་ཡིད་ཆེས་ཡོད། ཨ་རིས་གུ་ཡངས་དངོས་གཉེར་གྱི་རྣམ་འགྱུར་བཟུང་ནས། ཀྲུང་གོ་དང་ཁ་ཕྱོགས་གཅིག་ལ་མཉམ་དུ་འབད་བརྩོན་བྱེད་པ་དང་། ང་དང་ཙུང་ཐུང་པའི་ཏེང་བར་གྱི་པ་ལི་གླིང་ཕྲན་གྲོས་མོལ་གྱི་ངོས་འཛིན་གཅིག་མཐུན་རྒྱུན་འཁྱོངས་བྱས་ནས། འབྲེལ་ཡོད་དགེ་མཚན་གྲོས་ཆོད་དོན་ཐོག་འཁྱོལ་བ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་དང་ཡག་པོར་འགྱུར་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
པུའུ་ལིན་ཁན་གྱིས ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཙུང་ཐུང་པའེ་ཏེང་གི་འཚམས་འདྲི་བརྒྱུད་བསྒྲགས་ཞུས་ཤིང་། ཁོང་གིས་ཙུང་ཐུང་པའེ་ཏེང་གིས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་དོ་དམ་ཡག་པོ་བྱེད་པའི་འོས་འགན་ཡོད་ལ། འདི་ནི་ཨ་རི་དང་ཀྲུང་གོ། ཐ་ན་འཛམ་གླིང་གི་ཁེ་དབང་དང་མཐུན། ཨ་རིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བར་གྱི་པ་ལི་གླིང་ཕྲན་གྲོས་མོལ་གྱིས་གཏན་ཁེལ་བྱས་པའི་གྲོས་རིམ་སླར་གསོ་བྱེད་པར་འབད་པ་ཡིན། ཨ་རིས་ཙུང་ཐུང་པའེ་ཏེང་གིས་བཞག་པའི་དམ་བཅའ་བརྩི་སྲུང་བྱེད་པ་དང་། འཇམ་འཐབ་གསར་པ་མི་བྱེད་པ་དང་། ཀྲུང་གོའི་ལམ་ལུགས་བསྒྱུར་ཐབས་མི་བྱེད། མནའ་མཐུན་འབྲེལ་བ་ཇེ་དྲག་གཏོང་བར་བརྟེན་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ་དང་། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད། ཀྲུང་གོ་དང་འགལ་ཟླ་བྱུང་འདོད་མེད་ལ། ཀྲུང་གོ་དང་མཐོ་རིམ་འགྲོ་འོང་བྱེད་པ་དང་། མཐུན་སྦྱོར་ཐོགས་མེད་རྒྱུན་འཁྱོངས། འགལ་བ་ཚོད་འཛིན་དོ་དམ་བྱེད་པ། གླེང་མོལ་དང་བརྗེ་རེས་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་པུའུ་ལིན་ཁན་ལ་ཙུང་ཐུང་པའི་ཏེང་ལ་འཚམས་འདྲི་བརྒྱུད་བསྒྲགས་གནང་རོགས་ཞུས།
ཝང་དབྱིས་དང་ཆིན་ཀང་སོགས་ཐུག་འཕྲད་ནང་ཞུགས།
འཕྲིན་སྟེགས། weikangba