ཞི་ཅིན་ཕིང་གིས་མཛད་སྒོ་སྤེལ་ནས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

2023-06-15
2091

ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་ཚོམས་ཆེན་པོར་མཛད་སྒོ་སྤེལ་ནས། ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཧ་མྰོ་ཏེ་ཨ་པ་སི་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམ་འདྲིར་ཕེབས་པར་དགའ་བསུ་གནང་བ་རེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེད་དུ་གུས་སྒྱོགས་ཐེངས་ཉེར་གཅིག་འཕངས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་ཀའི་ཨུ་ལྷན་གཞུང་ལས་ཁང་གི་འགོ་འཛིན་ཝང་དབྱི། རྒྱལ་དོན་ཨུ་ཡོན་ཆིན་ཀང་སོགས་དགའ་བསུའི་མཛད་སྒོར་ཞུགས། ཨ་པ་སིར་ཀྲུང་གོར་འཚམ་འདྲིར་ཕེབས་རོགས་ལ་ཙུང་ལི་གཞོན་པ་དང་། ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་པུའུའི་པུའུ་ཀྲང་། ཕ་ལེ་སི་ཐན་བཅིངས་གྲོལ་རྩ་འཛུགས་ལག་བསྟར་ཨུ་ལྷན་གྱི་ཨུ་ཡོན་སོགས་ཡོད། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཕ་ལེ་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། ཨ་པ་སི་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་གནང་བ་དང་འབྲེལ། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་སླར་ཡང་དམག་གཟིགས་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དབྱེ་འབྱེད་རུ་སྟར་ལ་གཟིགས་མོ་གནང་བ་རེད། ཨ་པ་སི་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམ་འདྲིར་ཕེབས་པ་རེད།

  • 顶