
ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོམས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་མཛད་སྒོ་སྤེལ་ནས་ཧོན་ངྷ་རུ་སིའི་ཙུང་ཐུང་དབྱི་ལི་སི་ཤིས་ཨའོ་མ་ལ་ཁ་སི་ཐེ་ལོ་སཱ་མན་ཐའོ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་ཀ་ཨུ་ལྷན་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱིས་དང་། རྒྱལ་དོན་ཨུ་ཡོན་ཆིན་ཀང་སོགས་དགའ་བསུའི་མཛད་སྒོ་ནང་ཞུགས་པ་རེད།
ཁ་སི་ཐེ་ལོ་དང་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་མཛད་མཁན་ལ་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་འགོ་འཛིན། ཙུང་ཐུང་སྒེར་གྱི་དྲུང་ཡིག རྒྱལ་ཚོགས་ཀྱི་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་ཞི་སོགས་ཡོད།
དམག་དཔུང་རོལ་དབྱངས་ཚོགས་པས་ཧོན་ངྷ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་འབྲེལ། གུས་མཚོན་གུས་སྒྱོགས་ཐེངས་ཉེར་གཅིག་འཕངས་པ་རེད།
ཞི་ཅིན་ཕིང་གི་ཕེབས་རོགས་འོག ཁ་སི་ཐེ་ལོས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རྣམ་འབྱེད་རུ་སྟར་ལ་གཟིགས་པ་རེད། དེའི་རྗེས་དམག་དཔུང་རོལ་དབྱངས་ཚོགས་པས་རོལ་དབྱངས་འབུད་དཀྲོལ་བྱས་པ་རེད།
ཁ་སི་ཐེ་ལོ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད།
འཕྲིན་སྟེགས། weikangba