《དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་སུ་བསྐྱོད་པའི་འཕེལ་རྒྱས་ཀྱི་གསང་ཨང་སྟེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དུས་རབས་ཀྱི་ཁྱད་གཤིས་དང་ལག་ལེན་གྱི་རིན་ཐང(རྒྱ་ཡིག་དང་དབྱིན་ཡིག་པར་མ)》པར་སྐྲུན་འགྲེམ་སྤེལ་བྱས།

2023-05-06
381

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་མཐོ་རིམ་རིག་མཛོད་ཀྱིས་རྩོམ་སྒྲིག་བྱས་པའི《དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་སུ་བསྐྱོད་པའི་འཕེལ་རྒྱས་ཀྱི་གསང་ཨང་སྟེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དུས་རབས་ཀྱི་ཁྱད་གཤིས་དང་ལག་ལེན་གྱི་རིན་ཐང(རྒྱ་ཡིག་དང་དབྱིན་ཡིག་པར་མ)》ཞེས་པའི་དཔེ་ཆ་དེ་ཉེ་ལམ་ཞིན་ཧྭ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་འགྲེམ་སྤེལ་བྱས།

དཔེ་ཆ་འདིམར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཡུལ་ཁམས་གསར་བ་འབྱེད་པ་སྟེ——ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མངོན་གསལ་གྱི་ཁྱད་ཆོསདང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སྟེ——ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ལག་ལེན་གྱི་ཇུས་གཞི”། “དཔལ་འབྱོར་གྱིས་དེང་རབས་ཅན་བཅོས་སྐྱོང་བྱེད་པའི་ཀྲུང་གོའི་བློ་རིག——ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཚན་རིག་གི་བྱེད་ཐབས”། “གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དྲི་བར་ལན་འདེབས་པ——ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་འཛམ་གླིང་གི་དོན་སྙིང”། “མགོ་ཁུངས་ཀྱི་རྩད་ཞིབ་ཏེ། ཞི་ཅིན་ཕིང་གིས་ས་གནས་དཔལ་འབྱོར་བཅོས་སྐྱོང་བྱེད་པའི་གཏམ་རྒྱུད”བཅས་ཚན་པ་ལྔར་དགར་ཡོད་ལ། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ལྟེ་བའི་དོན་སྙིང་དང་དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་འཆད་འགྲེལ་བྱས་ཡོད། 

དཔེ་ཆ་འདིཞིན་ཧྭ་གསར་འགྱུར་ཁང་གི་རྒྱལ་ཁབ་མཐོ་རིམ་རིག་མཛོད”དཔེ་ཚོགས་ཀྱི་རིགས་སྣ་གསར་བ་ཞིག་ཡིན། དེ་སྔོན། དཔེ་ཚོགས་འདིས《ཀྲུང་གོའི་དབུལ་བོ་ཉུང་གཏོང་གི་རིག་པ་སྟེ་ཆབ་སྲིད་དཔལ་འབྱོར་རིག་པའི་མཐོང་སྣེ་འོག་གི་ཀྲུང་གོའི་དབུལ་བོ་ཉུང་གཏོང་གི་རིགས་གཞུང་དང་ལག་ལེན》དང《མི་དམངས་ཀྱི་ཚད་གཞི་སྟེ་ལོ་བརྒྱའི་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ལངས་ཕྱོགས་ལ་ལྟ་བ》།《མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་གི་དམིགས་བྱ་དང་འཚོལ་ཞིབ་སྟེ་དམངས་གཙོ་དང་རང་དབང་གི་མིའི་ཐོབ་ཐང་གི་ཀྲུང་གོའི་ལག་ལེན》སོགས་པར་སྐྲུན་བྱས་ཡོད། ། 


  • 顶 0