ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་སྒྲིག་འཛུགས་ལག་བསྟར་ནན་ཏན་དང་ཇུས་འགོད་ཞིབ་ཚགས་ཀྱིས་སྐུལ་འདེད་བཏང་སྟེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་གི་གྲུབ་འབྲས་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།
སྤྱི་བདེ་མི་དམངས(ལས་རོགས)ཉེན་རྟོག་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་ཆེད། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་དང་སྤྱི་བདེའི་འཆད་ཁྲིད་ཆེན་མོའི་དུས་ཐེངས་གསུམ་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་བརྙན་ལམ་ཚོགས་འདུའི་རྣམ་པ་སྤྱད་ནས་འཆད་ཁྲིད་བྱས་ཤིང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ་ཁག རྫོང་དང་ཆུས་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མི་4000ལྷག་ཙམ་གྱིས་འཆད་ཁྲིད་ཉན་པ་རེད།
འཆད་ཁྲིད་ལ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཞུས་ཝུན་ཧུའེ་གདན་དྲངས་ནས་ལྗོངས་ཡོངས་ཀྱི་སྤྱི་བདེ་མི་དམངས(ལས་རོགས)ཉེན་རྟོག་པར་དོན་ཟབ་གོ་སླ་དང་ནང་དོན་ཕུན་སུམ་ཚོགས་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་ཁྲིད་པ་རེད། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོས་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་བགྲོ་གླེང་ལ་ཇུས་འགོད་ཞིབ་ཚཌ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
དཔེ་ཀློག་འཛིན་གྲྭ་གཉེར་རིང་ལྗོངས་ལུས་རྩལ་ཅུས་ཏང་ཙུའུ་དང་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་གཉིས་དང་དེ་བཞིན་ཅུས་ཀྱི་ཁོངས་གཏོགས་ཚན་པ་བདུན་གྱི་ཏང་ཀྲི་པུའུ(སྤྱི་ཁྱབ་ཀྲི་པུའུ)ཡིས་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ས་གནས་ས་ཐོག་གི་སྤེལ་རེས་གཏམ་བཤད་དང་ཆེད་དོན་བགྲོ་གླེང་ཐེངས་25བཀོད་སྒྲིག་བྱས་པ་དང་ཟུར་ཁྲིད་འཆད་ཁྲིད་ཐེངས་2བྱས་ཤིང་། ཐིང་རིམ་པའི་ལས་བྱེད་པ་7རང་གནས་སའི་ཏང་ཀྲི་པུའུ་དང་ལས་བགོས་དོ་དམ་ཚན་པའི་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་དང་། སྤེལ་རེས། བགྲོ་གླེང་བཅས་བྱས་ཏེ་ཁོངས་གཏོགས་དེ་གར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ནན་པོ་དང་ཏན་ཏིག་མཐའ་འཁྱོངས་དང་། བྱེད་སྟངས་དང་བྱ་ཐབས་ལ་མཐོང་ཆེན། སྒྲིག་འཛུགས་དང་སྐུལ་འདེད་ཞིབ་ཚགས་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱས་ཡོད། ཅུས་ཏང་ཙུའི་ཚན་ཁག་གིས་སྔ་སྣུར་དུ་ཇུས་འགོད་དང་ཆེད་དོན་འཛིན་གྲྭའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཙུགས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ནང་ནན་བཤད་བྱས་པའི“ཕྱོགས་6ཐད་ཀྱི་མངོན་གསལ་དོད་པའི་གནད་དོན”གྱི་ཚད་གཞི་དང་ཕྱོགས་ཡོངས་ནས་ཡང་ཡང་བསྡུར་བ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཕྱོགས་6ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་15གནད་སྨིན་འཚོལ་ཞིབ་བྱས་ཡོད་པ་རེད། དཔེ་ཀློག་འཛིན་གྲྭ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སློབ་སྦྱོང་གི་འཆར་གཞི་བཟོས་ཏེ་དཔེ་ཀློག་འཛིན་གྲྭར་ཞུགས་པའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། སྙིང་བཅུད་ཀྱི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་པ་གལ་ཆེན་དེའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་ཟིལ་ཤུགས་ལ་གོ་བ་གཏིང་ཟབ་ལེན་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བཅས་བྱེད་པ་དང་ཆབས་ཅིག བྱེད་ཐབས་སྣ་ཚོགས་བབ་བསྟུན་ངང་སྤྱད་དེ་གཅིག་སྡུད་སློབ་སྦྱོང་དང་། སྤེལ་རེས། བགྲོ་གླེང་བཅས་བྱས་ཡོད་པ་རེད།
འཕྲིན་སྟེགས། weikangba