དགོངས་པ་སློབ་སྦྱོང་དང་ཏང་གཤིས་ཆེ་རུ་གཏོང་བ། ལག་ལེན་ལ་སྣང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་པ་སྟེ། ས་གནས་ཁག་གིས་སློབ་སྦྱོང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ངང་སྤེལ་བཞིན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་ཉིན་ཤས་བསྟུད་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
ཉིན་འདི་གཉིས་རིང་ཧོ་པེ་ཧྲི་ཅ་ཀྲོང་གྲོང་ཁྱེར་ཡུས་ཧྭ་ཆུས་ཀྱི་850སྡེ་ཁུལ་གྱི
་ཐང་ཆེན་ཐོག ཞབས་བྲོ་འཁྲབ་མཁན་གྱི་ཡུལ་མི་མངོན་གསལ་གྱིས་མང་དུ་སོང་ཡོད། སྡེ་ཁུལ་དེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་བསྐྲུན་པ་དང་། སྡེ་ཁུལ་རྙིང་པའི་སྒྱུར་བཀོད་ལས་གྲྭ་སྤེལ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། སྡེ་ཁུལ་གྱི་འགྲོ་ལམ་དང་། ཆར་ཆུའི་བཙོག་ཆུ་འབུད་བཤངས་སྦུག་ལམ་དྲ་བ། གློག་སྒྲོན་སོགས་སྒྲིག་བཀོད་20ལྷག་ཙམ་སྒྱུར་བཀོད་དང་གསར་བརྗེས་བྱས་ཟིན་ཡོད་པ་རེད།
འདི་ལོ་ཧོ་པེ་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པའི་སྒྱུར་བཀོད་1816ལེགས་སྒྲུབ་བྱས་ཏེ་གྲོང་མིའི་ཐེམ་དུད་ཁྲི་25.7ལ་ཕན་པ་ཐོབ་པ་བྱ་རྒྱུ་རེད། ཉིན་ཤས་བསྟུད་མར། ཧོ་པེ་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་སྒུལ་ཤུགས་སུ་བརྩི་བ་དང་། ལས་ཀའི་འགན་ནུས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ནས་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཧོ་པེ་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཚའོ་ཞུའེ་ཁྲའོ་ཡིས། གྲོང་མི་གསར་པའི་གཞོན་ནུ་ཚོའི་སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཉེན་ཁ་ཆེ་བའི་སྡོད་ཁང་རྙིང་པ། སྡེ་ཁུལ་རྙིང་པ་སྒྱུར་བཀོད་སོགས་གཙོ་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་། ཚད་གཞི་མཐོ་པོའི་སྒོ་ནས་དམངས་འཚོའི་ལས་གཞི་ལག་བསྟར་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཕན་འབྲས་གསར་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཧུའུ་པེའི་མཐོ་སློབ་ཁག་གིས་འབྲིང་རིམ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱས་ནས་ཆེད་དོན་གསོ་སྦྱོང་དང་། ཆེད་དོན་ཏང་གི་སློབ་ཚན། དཔེ་ཀློག་འཛིན་གྲྭ་སོགས་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་པའི་བྱ་ཐབས་སྤྱད་ཡོད། མ་རྩོམ་ཇི་མ་ཇི་བཞིན་ལྟ་ཀློག་དང་མ་ཡིག་ཇི་མ་ཇི་བཞིན་སློབ་སྦྱོང་། མ་ཡིག་གི་གོ་དོན་རྟོགས་པ་བཅས་བྱེད་པའི་རྨང་གཞིའི་ཐོག་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས། སློབ་སྦྱོང་གི་ཕན་འབྲས་དེ་ལས་སྒྲུབ་དང་ལས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས། ཝུའུ་ཧན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡན་ཀྲའོ་ཡིས། རིགས་པའི་གཞུང་ལུགས་འཆད་འགྲེལ་དང་རིགས་པའི་གཞུང་ལུགས་ཞིབ་འཇུག དེ་བཞིན་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བསླབ་གཞི་དང་། སློབ་ཚན། བསམ་བློར་ཟུག་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འབད་བརྩོན་དེ་བས་ཆེ་བ་བྱ་རྒྱུ་ཡིན་ཞེས་གསུངས་འདུག
“འགག་རྩའི་ཉུང་ཤས”ལ་བརྟེན་ནས“མང་ཆེ་བར”སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཅི་ལིན་གྱིས་ཞིང་ཆེན་དེ་ཡོངས་སུ་རིམ་པ་བཞིན་མིག་དཔེ་སྟོན་པ་དང་། རིམ་པ་བཞིན་ཚད་གཞི་བཟོ་བ། རིམ་པ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པ་བྱེད་པ་དང་། སློབ་སྦྱོང་གསོ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། འཕེལ་རྒྱས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བཞིན་ཡོད། ཅི་ལིན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧའོ་རུང་ཧྥེང་གིས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཞིང་ཨུད་ཀྱི་རྒྱུན་ཨུད་ཚན་པས་སྣེ་ཁྲིད་དེ་དཔེ་ཀློག་འཛིན་གྲྭ་བཙུགས་ནས་སྔོན་ལ་སློབ་སྦྱོང་དང་། ཞིང་ཆེན་དེ་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དད་མོས་ཆེ་རུ་གཏོང་བ། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་ནས་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
ཡུན་ནན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྔ་ཙམ་བརྟག་ཞིབ་དང་། སྔ་ཙམ་ཇུས་འགོད། སྔ་ཙམ་ལག་བསྟར་བཅས་བྱས་ཡོད། ཡུན་ནན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧན་ཧྥུའུ་ཧའེ་ཡིས། ཡུན་ནན་གྱི་ས་གནས་ཁག་གིས་ཏང་གི་སློབ་ཚན་སྤུས་ལེགས་དཔྱད་འདེམས་དང་འགྲེམས་སྟོན་བྱས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཡག་པོ་ཤོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་འབྲངས་ནས་ཡུན་ནན་གྱི་ཞབས་རྗེས་ལ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་ནས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡུན་ནན་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་དང་འོད་སྟོང་འཕྲོ་བའི་བསམ་བློའི་བརྗིད་ཆེའི་སྟོབས་ཤུགས་ལ་གོ་བ་ལེན་རྒྱུར་ཁྲིད་སྟོན་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།
ཧན་ཧྥུའུ་ཧའེ་ཡིས། ང་ཚོས་སློབ་སྦྱོང་དང་བསམ་བློ། བེད་སྤྱོད་བཅས་ཟུང་འབྲེལ་དང་། ཤེས་པ་དང་ཡིད་རྟོན། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་པ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་བཅས་འཛུགས་རྒྱུ་དང་ཟུང་འབྲེལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཐའ་མཚམས་མི་རིགས་ཁག་གི་མི་དམངས་རྣམས་སྔར་བས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱས་ཡོད་ཅེས་གསུངས་པ་རེད།
འཕྲིན་སྟེགས། weikangba