ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ས་གནས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ལྕི་མོ་འཁུར་ཕོད་པར་བྱེད་པ་དང་གསར་འབྱེད་ཡར་བརྩོན་གྱི་འབད་འཐབ་སྙིང་སྟོབས་སྔར་ལས་འཕེལ་བར་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་།
ཀོང་ཏུང་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས་མ་རྩོམ་དངོས་ལ་ཇི་མ་ཇི་བཞིན་གྱི་སྒོ་ནས་རང་སྦྱོང་དང་ཐུན་མོང་བརྗེ་རེས་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་རྣམ་པར་བརྟེན་ནས། གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས། ཀོང་ཏུང་ཞིང་ཆེན་ཏང་ཨུས་ད་དུང་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ནས་ཆེད་དོན12སྔར་ལས་ཞིབ་ཕྲ་ཅན་དུ་བཏང་བ་དང་། གྲོང་གསེབ་དང་སྡེ་ཁུལ། ཁེ་ལས་སོགས་གཞི་རིམ་ལས་ཁུངས་སུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། འགན་འཁྲི་གསར་པ་དང་བྱེད་ཕྱོགས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀོང་ཏུང་གི་ལག་ལེན་ལ་སྐུལ་འདེད་གང་ལེགས་གཏོང་བཞིན་ཡོད།
ཁྲུང་ཆིན་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིབ་འཇུག་ཇུས་འགོད་དང་སྤུས་ཚད་མཐོ་བའི་གཅིག་གྱུར་འཆར་འགོད་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་ཏེ། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་ཡོ་བསྲང་སོགས་ཀྱི་ཐད་ནས་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པར་མ་ཟད། དུས་ཚོད་དམ་འཛིན་སྒོས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་མ་རྩོམ་ཀློག་པ། མ་ཡིག་ལ་སློབ་སྦྱོང་བྱེད་པ། རྩ་བའི་རིགས་པ་རྟོགས་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་ཕན་འབྲས་ལེན་པར་འབད་པ་བྱེད་བཞིན་ཡོད།
ཅང་སུའུ་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། རིགས་དབྱེ་ཁྲིད་སྟོན་དང་རྩ་འཛུགས་ཞིབ་མོའི་སྒོ་ནས་སློབ་སྦྱོང་བྱེད་པར་ཤུགས་སྣོན་ཆེད། ཅང་སུའུ་ཞིང་ཆེན་ཏང་ཨུས་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་པའི་ལས་ཁུངས་སྐོར་དང་པོར་སྐོར་སྐྱོད་སློབ་སྟོན་ཚན་ཆུང་ཉེར་ལྔ་མངགས་ནས། ཏང་ཀྲུང་དབྱང་གི་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པའི་སྐོར་གྱི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་། གྲོང་གསེབ་དང་སྡེ་ཁུལ་དང་བཟོ་གཏེར་ཁེ་ལས། སློབ་གྲྭ་བཅས་སུ་སོང་ནས། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ཡོད།
ཧྥུའུ་ཅན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས་བཏོན་པའི་འདུ་ཤེས་གལ་ཆེན་རྒྱུན་འཛིན་དང་དེ་གར་སྤེལ་བའི་ལག་ལེན་གལ་ཆེན་དང་ཟུང་འབྲེལ་བྱས་ཡོད། དབུལ་ཐར་དང་གྲངས་འཛིན་ཅན་གྱི་ཧྥུའུ་ཅན་སོགས་ཡུལ་དངོས་ཀྱི་སློབ་ཁྲིད་དཔེ་སྟོན་ས་ཚིགས་དང་སློབ་ཁྲིད་ལམ་ཐིག24ལེགས་འདེམས་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད།
ཉིན་འགའི་སྔོན་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཚོགས་འདུ་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱ་རྒྱུར་སློབ་གསོ་བཏང་ནས་ཁྲིད་སྟོན་བྱས། དུས་མཚུངས་སུ། སྐོར་སྐྱོད་མཛུབ་སྟོན་ཚན་ཆུང12བཙུགས་ནས། བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་ཁྲོད་ཞུགས་པའི་ལས་ཁུངས་ལ་གནས་སྡོད་མཛུབ་སྟོན་བྱས།
ཅི་ལིན་ཞིང་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། སློབ་སྦྱོང་ཟབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཆབ་སྲིད་ངོས་འཛིན་དང་བསམ་བློ། རིགས་པའི་གཞུང་ལུགས། བརྩེ་སེམས་བཅས་ཀྱི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། འཕེལ་རྒྱས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ།
ཧོ་པེ་ཞིང་ཆེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྐང་འཛིན་སྟོབས་ཤུགས་སྐོང་འཐེན་བྱས་ཤིང་། བརྗོད་དོན་སློབ་གསོའི་མགོ་ཁྲིད་ལས་ཁུངས་དང་བྱ་བའི་སྡེ་ཁག་བཙུགས་པ་དང་། ལས་དོན་འཁོར་སྐྱོད། གཞུང་ཡིག་ཐག་གཅོད། ཀྲུའུ་རེན་གཞུང་དོན་ཚོགས་འདུ། ཀྲུའུ་རེན་ཆེད་དོན་ཚོགས་འདུ་སོགས་བྱ་བའི་ལམ་ལུགས་དང་ཕྲ་ཞིང་ཞིབ་པའི་བྱ་བའི་ཇུས་གཞི་བཟོས། ལས་དོན་རེ་རེར་བྱེ་བྲག་གི་ལག་བསྟར་རི་མོ་དང་། དུས་ཚོད་རེའུ་མིག ལས་འགན་ཡི་གེ་བཅས་ཇུས་འགོད་བྱས།
གསར་བརྗེའི་ཁུལ་རྙིང་ཡིན་པའི་ཆ་ནས། ཅང་ཞི་ཞིང་ཆེན་གྱིས་སྔར་ལས་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོས་བརྗོད་དོན་སློབ་གསོ་སྤེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་ཞིའི་ལེའུ་འབད་པས་བརྩོན་དགོས་པར་བསྟན། ཅང་ཞི་ཞིང་ཆེན་གྱིས་སྐོར་ཞིབ་མཛུབ་སྟོན་ཚན་ཆུང11མངག་ཏེ་སྐོར་དང་པོའི་ལས་ཁུངས127དུ་བཅའ་སྡོད་བྱས་པ་དང་། བརྗོད་དོན་སློབ་གསོ་ནན་ཏན་གྱིས་སྤེལ་བར་མཛུབ་སྟོན་གནང་། །
འཕྲིན་སྟེགས། weikangba