རང་འགན་གཙང་སྒྲུབ་སྒོས་འགན་འཁྲི་འཁུར་བ་དང་ཐབས་འདོན་ཇུས་འབུལ་སྒོས་ཐོག་མའི་བསམ་འདུན་སྒྲུབ་པ།

2023-03-07
4882

未命名_副本.jpg

པར་འདི་ནི་ཟླ3པའི་ཚེས4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མགོ་ཚུགས་པའི་རྣམ་པ་རེད།

W020230305411208380285.jpg

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ལྗོངས་ཨུ་ཡོན་ཚོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་མཉམ་པར་ལེན་བཞིན་པའི་རྣམ་པ་རེད།

W020230305411208549343.jpg

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ལྗོངས་ཨུ་ཡོན་ཚོས་སྡོད་ཡུལ་དུ་གྲོས་གཞིར་གྲོས་བསྡུར་བྱེད་བཞིན་པའི་རྣམ་པ་རེད།

W020230305411208698890.jpg

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ལྗོངས་ཨུ་ཡོན་གྱིས་སྡོད་ཡུལ་དུ་གྲོས་གཞིར་གྲོས་བསྡུར་བྱེད་བཞིན་པའི་རྣམ་པ་རེད།

W020230305411208851207.jpg

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ལྗོངས་ཨུ་ཡོན་རླངས་འཁོར་ལ་བསྡད་དེ་ཚོགས་རར་འགྲོ་བཞིན་པའི་རྣམ་པ་རེད།

W020230305411208854996.jpg

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་ཚོས་གྲངས་ཉུང་མི་རིགས་གཞན་དག་གི་སྲིད་གྲོས་ཨུ་ཡོན་དང་ལྷན་དུ་དྲན་རྟེན་མཉན་པར་ལེན་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གཞི་ཆེན་མོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་བྱ་དངོས་ཡོད་ཚད་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཡོད། ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད2སྟེང་། བོད་ལྗོངས་སུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ལྗོངས་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་རེ་འདུན་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས། གོམ་སྟབས་བརྟན་པོས་མི་དམངས་ཚོགས་ཁང་ཆེན་མོར་སོང་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན2000ལྷག་དང་མཉམ་དུ་གཟབ་རྒྱས་ལྡན་པའི་ཚོགས་འདུར་ཞུགས་པ།

ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་མགོ་ཚུགས་ལོ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་གྱི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལག་བསྟར་བྱེད་པའི་འགག་རྩའི་ལོ་བཅས་ཡིན་པས། ཨུ་ཡོན་ཚོས་འགན་འཁྲི་སྔར་བས་ལྕི་རུ་ཕྱིན་ཡོད་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་རེ་སྒུག་ཀྱང་སྔར་བས་ཇེ་ཆེར་ཕྱིན་ཡོད་ཅེས་བསྟན།

མགོ་འཛུགས་ས་གསར་པའི་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད། མི་དམངས་ཀྱི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཚོགས་འདུ་འཚོགས་པའི་རིང་ཀྲུང་གུང་དང་། དམིགས་བསལ་གདན་ཞུ། ཆོས་ལུགས། མི་རིགས། ཕྱིར་ལོག་ཕྱིར་སྡོད་རང་མི། སྤྱི་ཚོགས་ཚན་རིག རིག་རྩལ། དཔལ་འབྱོར། སྨན་རྫས་འཕྲོད་བསྟེན། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ལས། ཏང་ཤོག་གང་ལའང་མི་གཏོགས་པ་བཅས་བསྡོམས་པས་རིགས་ཁོངས12ཀྱི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན29ཡིས་རྒྱལ་དོན་སྲིད་གླེང་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚོགས་ཆེན་ལ་བོད་ལྗོངས་ཀྱི་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། །

  • 顶