ཞི་ཅིན་ཕིང་གིས་དུས་སྐབས་ནམ་ཡིན་ཡང་ཀྲུང་གོར་བཟོ་སྐྲུན་ལས་རིགས་མེད་དུ་མི་རུང་ཞེས་བསྟན་པ།

2023-03-07
973

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་ཧྲེན་ཙིན་ཧའེ་ཡི་བློ་ཐག་རྦད་ཆོད་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་ཡང་རྩེར་བསྙེགས་དགོས་པའི་སྐོར་གྱི་གཏམ་བཤད་ལ་མཉན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་སྐབས་ནམ་ཡིན་ཡང་ཀྲུང་གོར་བཟོ་སྐྲུན་ལས་རིགས་མེད་དུ་མི་རུང་། མིག་སྔར། རང་རྒྱལ་གྱི་ལས་བཟོ་ལས་རིགས་ཀྱི་རྣམ་གྲངས་དང་རིགས་སྣ་ཆ་ཚང་ཡིན་ལ། རྗེས་མར་ཧུར་བརྩོན་གྱིས་རྩེར་སོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ་ཕྱོགས་ཡོངས་ནས་མཐོར་འདེགས་འབྱུང་བ་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་རྩེར་སོན་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་ཡིན། ། 

  • 顶 0