མི་དམངས་འཐུས་ཚོཊ་ཀྱི་ཚོཊ་ཡུན་དང་གྲོས་རིམ་བསྒྲཊ་འདུག

2023-03-06
924

ཟླ་3པའི་ཚེས་4ཉིན་གྱི་ཆུ་ཚོད་12ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་ཡོངས་བསྒྲགས་ཁང་དུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་མི་དམངས་འཐུས་ཚོགས་ལས་དོན་གྱི་འབྲེལ་ཡོད་གནད་དོན་ཐད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་ཡུན་ཉིན་8དང་ཕྱེད་ཀ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཝང་ཁྲའོ་ཡིས། ད་ཐེངས་ཀྱི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཟླ་3ཚེས་5ཉིན་གྱི་སྔ་དྲོར་འགོ་ཚུགས་རྒྱུ་དང་། ཚེས་13ཉིན་གྱི་སྔ་དྲོར་གྲོལ་རྒྱུ་ཡིན་ཞིང་ཚོགས་ཡུན་ཉིན་8དང་ཕྱེད་ཀ་རེད་ཅེས་བཤད། ཚོགས་ཆེན་གྱི་གྲོས་རིམ་ལ་ཁྱོན་བསྡོམས་རྣམ་གྲངས་9ཡོད་པ་དེའི་ནང་། སྲིད་གཞུང་གི་ལས་དོན་སྙན་ཞུ་སོགས་སྙན་ཞུ་6ལ་གྲོས་ཞིབ་བྱ་རྒྱུ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ཀྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཁོངས་མི་འདེམས་བསྐོ་དང་བསྐོ་གཞག་གཏན་འཁེལ་བྱ་རྒྱུ་བཅས་ཚུད་ཡོད། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་རེད།

  • 顶 0