2023ལོའི་ལྷ་ས་དང་པེ་ཅིང་གི་ཕུལ་བྱུང་གཞོན་ནུའི་མཐུན་སྒྲིལ་འཆར་གཞིའི་རྣམ་གྲངས་སྤེལ་འགོ་ཚུགས་པ།
ས་གནས་གཉིས་ཀྱི་ལས་གཏོད་གཞོན་ནུས་སྤེལ་རེས་གཏིང་ཟབ་བྱས་པ།
གཞོན་ནུའི་གསར་གཏོད་དང་ལས་གཏོད་ཀྱི་ལས་དོན་ལ་སྔར་བས་ཞབས་འདེགས་ཞུ་བ་དང་། ལས་གཏོད་གཞོན་ནུའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ། ལྷ་ས་དང་པེ་ཅིང་ས་གནས་གཉིས་ཀྱི་ལས་གཏོད་གཞོན་ནུའི་དབར་གྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་ལས་གཏོད་གཞོན་ནུའི་འཐུས་མི17པེ་ཅིང་དུ2023ལོའི་ཁག་དང་པོའི་ལྷ་ས་དང་པེ་ཅིང་གི་ཕུལ་བྱུང་གཞོན་ནུའི་མཐུན་སྒྲིལ་འཆར་གཞིའི་རྣམ་གྲངས་ལ་ཞུགས་པ་རེད།
དུས་ཡུན་ཉིན་ལྔ་ཡི་ལྟ་སྐོར་སློབ་སྦྱོང་རིང་ལྷ་སའི་ལས་གཏོད་གཞོན་ནུ་ཚོས་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་དང་། ཀྲུང་ཀོན་གྲོང་ཚོ། ཕིང་ཀུའུ་ཆུས་བཅས་སུ་སྤེལ་རེས་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་སྔ་རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཁང་དང་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་ལྟ་སྐོར་བྱས་པ་དང་འབྲེལ་ཚན་རྩལ་གླིང་ཁུལ་དང་ཞིང་ཞོར་ཐོན་རྫས་ཚན་ཞིབ་སྐྱོང་གསོའི་རྟེན་གཞི་སོགས་སུ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་པ་རེད།
ལྟ་སྐོར་སློབ་སྦྱོང་རིང་ལས་གཏོད་གཞོན་ནུ་ཚོས་མགྲོན་ཁང་ཁྱིམ་གཞིས་ཀྱིས་གསར་གཏོད་བྱས་པའི“དྲ་སྦྲེལ+སྡེ་ཁུལ་ཚོང་ཁང+ཚོགས་སྤྱི”བཅས་ཀྱི་ཚོང་ལས་བྱེད་ཐབས་སློབ་སྦྱོང་བྱས་པ་དང་། དེང་རབས་ཅན་གྱི་ཞིང་ཞོར་ཐོན་རྫས་སྐྱེད་སྲིང་རྣམ་གྲངས་དང་དངོས་ཚན་མཉམ་འདྲེས་ཤེས་རྟོགས་བྱས་ནས་གླིང་ཁུལ་གྱི་ཚན་རྩལ་མཐོ་བའི་ཐོན་ལས་ཞིབ་སྤེལ་རྟེན་གཞི་དང་ཁེ་ལས་ཀྱི་སྐྱོང་གསོའི་རྟེན་གཞི་འཁོར་སྐྱོད་བྱེད་ཐབས་མྱོང་རོལ་བྱས་པ་རེད། ད་དུང་ཀྲུང་གོ་ཕིང་ཀུའུ་ཞིང་ལས་ཀྲུང་ཀོན་གྲོང་ཚོ་འཛུགས་སྐྲུན་དང་། གཞོན་ནུ་གསར་གཏོད་དང་ལས་གཏོད། གཞོན་ནུས་གྲོང་གསེབ་དར་རྒྱས་ལ་གཞོགས་འདེགས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་སྤེལ་རེས་བྱས་པ་མ་ཟད། ཕུལ་བྱུང་རིག་གནས་ཡུལ་སྐོར་ཐོན་ལས་དང་ཞིང་ལས་ཀྱི་ལས་རིགས་གསར་གཏོད་པ་གསར་པའི་ཉམས་མྱོང་ཉན་པ་དང་འབྲེལ་སྤེལ་རེས་གཏིང་ཟབ་ཀྱང་བྱས་པ་རེད།
གཞོན་ནུའི་འཐུས་མི་ཚོས་ལོ་རྒྱུས་ཁྲོད་ནས་གསར་འབྱེད་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས་ཤེས་བྱ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་འདུ་ཤེས་བསྒྱུར་ནས་ལས་ཀ་དང་འཚོ་བའི་ཁྲོད་ཕུལ་བྱུང་གཞོན་ནུའི་གདོང་ལེན་དཔེ་བཟང་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།