
ཚེས་བཅུ་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་མཇུག་བསྒྲིལ་བ་རེད། ད་ལྟར་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་བྱ་རྒྱུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་༢༠༢༣ལོའི་ཟླ་བ་དང་པོའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་གྱི་བར་པེ་ཅིན་དུ་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ནང་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན་བརྒྱ་དང་ཉེར་བདུན་ཡོད་ལ། མི་ཉིས་བརྒྱ་བཅུ་མེད་བདུན་ཟུར་ཞུགས་བྱས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་གྲོས་ཚོགས་ནང་ཞུགས་པ་རེད།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་ཟབ་མོ་བྱས་པར་མ་ཟད། ༢༠༢༣ལོའི་སྒྲིག་བཤེར་དང་ལྟ་ཞིབ་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཕུལ་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་དང་། རྒྱང་སྐྱོད་གསར་པའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་སྤེལ་བྱེད་ཅེས་པའི་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློང་སྦྱོང་དང་གོ་བ་ཟབ་མོ་ལེན་པ་རེད། ཚང་མས། གསུང་བཤད་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས། ཏང་ཆེན་མོར་འཕྲད་པའི་དམིགས་བསལ་གནད་དོན་འབྱུང་རྐྱེན་དང་། རྣམ་པ། སེལ་ཐབས་བཅས་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཐུས་ཚང་གཏོང་བའི་དམིགས་འབེན་ལས་འགན་དང་། ལག་ལེན་བླང་བྱར་ཞིབ་བརྗོད་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་སྤེལ་བརྟན་པོ་བྱེད་པར་འཐབ་ཇུས་བཀོད་སྒྲིག་བྱེད་པ་རེད།
གསུང་བཤད་མིག་རྒྱང་རིང་ཞིང་དགོངས་པ་ཡངས་ལ།ནང་དོན་ཕུན་སུམ་ཚོགས་པ།
དཔྱད་བརྗོད་ཟབ་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མ་འོངས་ལ་ཕྱོགས་པའི་འཐབ་ཇུས་མིག་རྒྱང་དང་། རང་དོན་སྤུ་ཙམ་མེད་པའི་གཟི་བརྗིད་བསམ་བློ། མི་དམངས་ལ་ཟོལ་མེད་བརྩེ་བ་ཆེན་པོ།གནད་དོན་དང་བླངས་བྱེད་པའི་འོས་འགན་འགན་འཁྲི་མངོན་པར་མཚོན་ཏེ། ཆབ་སྲིད་དང་མཛུབ་སྟོན། ཁ་གཏད་བཅས་ཀྱི་མཐུ་ནུས་དྲག་པོ་ལྡན་པས། དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པ་ཇེ་ཟབ་ཏུ་སྤེལ་བའི་རྩ་བའི་སྲུང་བྱ་ཡིན་ལ། དུས་རབས་གསར་པའི་ རྒྱང་སྐྱོད་གསར་པའི་ཐོག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཀར་རྩ་བའི་མཛུབ་སྟོན་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་དཔུང་ཚོགས་ལ་ཐུགས་རེ་གནང་ཞིང་བླང་བྱ་གསལ་པོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ནས། རང་རྟོགས་ཀྱིས་བསམ་སྦྱོར་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། དུས་རབས་གསར་པའི་རྒྱང་སྐྱོད ་གསར་པའི་ཐོག་དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། ཏང་གི་རང་ཉིད་གསར་བརྗེ་རླབས་པོ་ཆེ་མཐའ་འཁྱོངས་བྱེད་དགོས་ཞེས་བཏོན་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་མིག་སྔར་དང་འབྱུང་འགྱུར་གྱི་དུས་རིམ་ནང་ཆབ་སྲིད་ལས་འགན་གཙོ་བོར་འཛིན་དགོས་ལ། སློབ་སྦྱོང་ཟབ་མོ་དང་དོན་དངོས་རྟོག་ཞིབ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ཟབ་མོ་དང་གོ་བ་མཐིལ་ཕྱིན་ལེན་ཞིང་། ཁོང་དུ་ཆུད་པ། དོན་དངོས་ཐོག་འཁྱོལ་བ་བཅས་བྱས་ཏེ། དུས་རབས་གསར་པའི་ རྒྱང་སྐྱོད ་གསར་པའི་ཐོག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཀ་སྤུས་མཐོའི་འཕེལ་རྒྱས་ཡོང་བར་འབད་བརྩོན་གྱི་སྟོབས་ཤུགས་ཆེན་པོར་བསྒྱུར་བ་དང་། དྲང་བདེན་སྒྲིག་སྲུང་དང་རུལ་སུངས་ལ་རྒོལ་བའི་བྱ་སྤྱོད་ཞིབ་ཕྲར་བསྒྱུར་བ། ཏང་གི་སྔོན་ཐོན་སྤྱོད་བཟང་སྲུང་སྐྱོང་བརྟན་པོ་བྱེད་པ་དང་ཏང་གི་གསོན་ཤུགས་ཀྱི་དོན་དངོས་ཕན་འབྲས་ལ་བསྒྱུར་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་དགོས། ནམ་ཡང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀར་སྤྱི་འདོམས་བྱེད་དགོས།
ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་བྱེད་དགོས། ཏང་གི་སྒྲིག་ཡིག་ལས་བཏོན་པའི་འགན་འཁྲི་བློ་བརྟན་འགྱུར་མེད་པས་ལག་བསྟར་བྱེད་དགོས། དུས་དང་རྣམ་པར་ཀུན་ཏུ་ཏང་ཆེན་མོར་འཕྲད་པའི་དམིགས་བསལ་གནད་དོན་སེལ་བའི་བློ་རིག་གསལ་པོ་དང་སེམས་པ་བརྟན་པོ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་བློ་བརྟན་འགྱུར་མེད་སྒོས་འཐུས་ཚང་གཏོང་དགོས། འཐབ་རྩོད་ཕོད་པ་དང་འཐབ་རྩོད་མཁས་པ་དང་། སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀ་བློ་བརྟན་འགྱུར་མེད་ངང་ཟབ་སྤེལ་བཏང་ནས། ཏང་དང་མི་དམངས་ཀྱིས་གནང་བའི་འགན་འཁྲི་དང་ལས་འགན་སྔ་བས་ཡག་པོ་སྒྲུབ་དགོས་ཞེས་བསྟན་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་༢༠༢༣ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་ལ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་གནད་འགག་ཆེ་བའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་རྨང་གཞི་འདིང་བའི་གལ་འགངས་ཆེ་བའི་ལོ་ཞིག་ཀྱང་རེད། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཀ་ཡག་པོ་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་གི་ལས་འགན་དང་བླང་བྱ་འཐུས་ཚང་དང་དོན་འཁྱོལ་ཏན་ཏིག་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀ་ཟབ་སྤེལ་བྱེད་པ། དུས་རབས་གསར་པ་དང་ རྒྱང་སྐྱོད ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཀ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་འགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོས་པར་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་པ་སྟེ། གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་ཆབ་སྲིད་ཐད་ཀྱི་ལྟ་སྐུལ་ཇེ་དྲག་གཏོང་དགོས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ལ་སྐུལ་འདེད་བཏང་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཇེ་དྲག་གཏོང་བ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་ཤུགས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་མཐོར་བཏང་ནས། ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་མོར་བརྟེན་ནས། བདུན་ཡོད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་ཐག་གཅོད་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཡང་དག ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་དམིགས་ཏེ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་སྐྱོང་། སྤུས་མཐོའི་འཕེལ་རྒྱས་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་སྐུལ་བ། ཏང་ཀྲུང་དབྱང་གིས་དུས་བབ་དང་བསྟུན་པའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་བཏང་ནས། ལག་བསྟར་གྱི་ཁ་ཕྱོགས་མི་ནོར་བ་དང་ངོ་བོ་མི་འགྱུར་བ། རྣམ་པ་མི་འགྱུར་བར་ཁག་ཐེག་བྱེད་དགོས། གཉིས་ནི། ཏང་གི་རང་ཉིད་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་གཏོང་བར་སྐུལ་བ་དང་། ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་ཞིབ་འཇུག་དང་དག་བཅོས་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཏང་གིས་གཅིག་གྱུར་འགོ་ཁྲིད་དང་ཡོངས་སུ་ཁྱབ་པ། དབང་གྲགས་ལྡན་ཞིང་ཕན་འབྲས་མཐོན་པོའི་བླང་བྱ་ལྟར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་གྱི་ཆེད་འགན་གྱི་ལྟ་སྐུལ་མ་ལག་དང་ཏང་ནང་གི་ལྟ་སྐུལ་མ་ལག རིགས་སོ་སོའི་ལྟ་སྐུལ་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་པའི་ནང་རྐྱེན་དང་གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་ཚང་གཏོང་བར་སྐུལ་འདེད་བཏང་ནས། ལྟ་སྐུལ་གྱི་མཐུ་ནུས་མཉམ་འཛོམས་ཡོང་བར་བྱེད་དགོས། རྒྱུན་ལྡན་གྱི་ལྟ་སྐུལ་ལས་ཀ་ཞིབ་ཚགས་དང་དོན་གཉེར་བྱས་ནས། ལྟ་སྐུལ་རྒྱུན་གནས་དང་རྒྱུན་ལྡན་ཅན་དུ་འགྱུར་འཇུག་དགོས། འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་བཏང་ནས། རང་གཅུན་ནན་མོ་དང་རང་འགན་ནན་བསྒྲུབ། ཁོངས་འགན་དོ་དམ་ནན་མོ་བྱ་རྒྱུར་ལྟ་སྐུལ་བྱེད་དགོས། རྩིས་བཤེར་ལས་ཁུངས་དང་མཐུན་སྦྱོར་རམ་འདེགས་བྱེད་ཤུགས་ཇེ་དྲག་བཏང་ནས། རྩིས་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་ཐད་ཀྱི་གྲུབ་འབྲས་བེད་ཡག་མོ་སྤྱོད་དགོས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་གཉེར་བྱེད་དགོས་ལ། འགན་འཁྲི་གདའ་འདེད་ཀྱི་དབང་ཆ་བེད་ཡག་མོ་སྤྱད་དེ། འགན་འཁྲི་གདའ་འདེད་བྱེད་ཤུགས་ཆུང་བ་དང་འགན་འཁྲི་གདའ་འདེད་རྒྱ་ཁྱབ་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས།
གསུམ་ནི་ཆབ་སྲིད་སྐོར་ཞིབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཆབ་སྲིད་སྐོར་ཞིབ་ཀྱི་གནས་ཚད་འབུར་དུ་བཏོན་ནས། ཁྱོན་ཡོངས་ནས་ཀྲུང་དབྱང་སྐོར་ཞིབ་ལས་ཀའི་བྱེད་ཕྱོགས་ལག་བསྟར་དང་། སྲུང་སྐྱོང་གཉིས་རྩ་བའི་ལས་འགན་དུ་བཟུང་ནས། ནན་མོ་བྱེད་པའི་བླང་བྱ་སྐོར་ཞིབ་ཀྱི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས། སྐོར་ཞིབ་ལས་ཀའི་སྲོལ་ཡིག་དག་བཅོས་དང་། ཀྲུང་དབྱང་སྐོར་ཞིབ་ལས་ཀའི་ལོ་ལྔའི་འཆར་འགོད་བཟོ་དགོས། རྒྱུན་ལྡན་སྐོར་ཞིབ་དང་ཆེད་དོན་སྐོར་ཞིབ། སྐབས་བསྟུན་སྐོར་ཞིབ་དང་བསྐྱར་དུ་སྐོར་ཞིབ་གཅིག་གྱུར་སྒོས་བཀོད་འདོམས་བྱས་ཏེ། གོ་རིམ་བཞིན་ཀྲུང་དབྱང་སྐོར་ཞིབ་ལག་ལེན་བསྟར་བ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་དང་པོ་དང་ཐེངས་གཉིས་པ་ཡག་པོ་བསྒྲུབ་དགོས། སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་གཏོང་བ་ཇེ་དྲག་བཏང་ནས། སྐོར་ཞིབ་སྐོར་གཡེང་གོང་འོག་མཉམ་འགུལ་ལས་ཀའི་བཀོད་པ་འཐུས་ཚང་གཏོང་དགོས།
བཞི་ནི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་སྟོབས་དང་སྤྱོད་ངན་བཞི་བཅོས་སྐྱོང་མུ་མཐུད་ནས་ཟབ་སྤེལ་བྱེད་དགོས། ཏང་གི་མཚན་སྙན་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་ཐག་གཅོད་ནན་མོ་བྱེད་པ་དང་། ཤེས་བཞིན་སྒྲིག་འགལ་བྱེད་པའི་བྱ་སྤྱོད་མཐོང་མ་ཐག་ཆད་གཅོད་དང་ཐག་གཅོད་ནན་མོ་བྱས་ཏེ། བསྐྱར་ལོག་དང་སྦ་གསང་རྒྱུ་འགྱུར། རྩད་གཅོད་ཐང་ཆད་དང་ལྷོད་གཡེང་བྱེད་པ་སོགས་ལ་བཀག་འགོག་བརྟན་པོ་བྱེད་དགོས། ཡང་ལོག་བསྐྱར་ལོག་དང་མཁྲེགས་པ་ཅན། ངོ་བོ་བརྗེ་སྤོར་བྱེད་མཁན། སྦ་གསང་སྐུང་གཡོ་བྱས་པའི་གནད་དོན་དམ་པོར་བཟུང་ནས། རྩད་གཅོད་དང་འགན་འཁྲི་གདའ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ཆེད་དབང་བསམ་བློ་དང་ཆེད་དབང་བྱ་སྤྱོད་མེད་པར་གཏོང་དགོས།
གཙོ་བོ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་པར་འགན་མི་འཁུར་པ་དང་ནུས་ཤུགས་མི་འདོན་པར་དམིགས་ནས། སྲིད་ཇུས་བྱེད་ཐབས་དང་ལས་ཀའི་བཀོད་འདོམས་ལ་གོ་ལོན་དང་ཐབས་མེད་ལག་བསྟར། ལག་ལེན་རྩུབ་པོ་བྱས་ཏེ། ལས་གནས་སྲུང་ཐབས་བྱས་ནས་ལས་ཀ་ཡག་པོ་མི་སྒྲུབ་པ་དང་། དབང་ཆ་གང་མོས་སྤྱོད་པ། དབང་ཆའི་ལྟ་བ་འགྱུར་བ་དང་སྲིད་འབྲས་ཀྱི་ལྟ་བར་གོ་ལོག་ཁུར་བ། བྱ་གཞག་གི་ལྟ་བ་ལ་ཧེ་བག་ཡོད་པ་སོགས་ཀྱི་གནད་དོན་ལ། རྩ་འདོན་ཁུངས་བཏུལ་དང་གཅོང་ནད་དེ་འཚོལ་ཞིབ་བྱས་ནས། ཐད་ཀར་བཅོས་སྐྱོང་དང་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། སྤྱོད་ངན་བཞི་དག་བཅོས་བྱས་ནས་སྲོལ་བཟང་གསར་དུ་འཛུགས་པ་རྒྱུན་འཁྱོངས་བྱས་ནས། ཏང་ཡོན་ལས་བྱེད་སྣེ་ཁྲིད་ནས་ངེས་པར་དུ་སྒྲུབ་དགོས་པ་གསུམ་ཡིད་ལ་དམ་འཛིན་བྱེད་དགོས་པའི་སློབ་གསོ་བཏང་སྟེ། རྒྱུན་རྣམ་ཅན་དང་ཡུན་རིང་ཕན་འབྲས་ཅན་གྱི་སྤྱོད་ལམ་འཛུགས་སྐྱོང་བྱེད་གང་ཐུབ་བྱེད་དགོས།
ལྔ་ནི། ཁྱོན་ཡོངས་ནས་ཏང་གི་སྒྲིག་ལམ་འཛུགས་སྐྱོང་ཇེ་དྲག་གཏོང་དགོས། རྒྱུན་ལྡན་རང་བཞིན་གྱི་སྒྲིག་ལམ་སློབ་གསོ་ཇེ་དྲག་བཏང་ནས། རྒྱུན་ལྡན་གྱི་དོ་དམ་ལྟ་སྐུལ་ལ་འདྲེས་སྦྱོར་བྱེད་བཅུག་སྟེ། ཏང་ཡོན་ལས་བྱེད་ཀྱི་སྒྲིག་ལམ་འདུ་ཤེས་ཇེ་དྲག་གཏོང་བ་དང་། ཏང་གི་སྒྲིག་ལམ་སྒྲིག་སྲོལ་ཡིད་ལ་དམ་པོར་འཛིན་དགོས། ན་གཞོན་འགོ་ཁྲིད་ལས་བྱེད་ཀྱི་སྒྲིག་ལམ་སློབ་གསོར་མཐོང་ཆེན་གནང་ཡོད། སྒྲིག་འགལ་ཁྲིམས་འགལ་གྱོད་དོན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་འཚོགས་པར་ལྟ་སྐུལ་མཛུབ་སྟོན་གནང་ནས། ཟུར་བསྟན་ལེབ་མཐོང་དང་གྱོད་དོན་ལས་སྒྲིག་ཁྲིམས་གསལ་པོར་ཤེས་པ་བྱེད་དགོས། ཏང་གི་སྒྲིག་ལམ་གཏན་འབེབས་དང་སྲོལ་ཡིག་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་སྒྲིག་སྲོལ་དང་འགལ་བའི་གནད་དོན་ཅི་ཡོད་ན་དེ་རྩད་ཞིབ་ནན་མོ་བྱེད་དགོས། རྣམ་པ་བཞི་བེད་སྤྱོད་ཡང་དག་དང་། དབྱེ་བགར་གསུམ་དོན་འཁྱོལ་བྱས་ནས། ལས་བྱེད་པར་སྐུལ་མ་བཏང་ནས་འགན་ལེན་ཕོད་པ་དང་བརྩོན་ལེན་བྱས་ཏེ། ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་ཡག་པོ་ཐུབ་དགོས།
དྲུག་ནི། མཐའ་གཅིག་ཏུ་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་འགག་སྒྲོལ་ལས་རྣམ་པར་རྒྱལ་དགོས། རུལ་སུངས་བྱེད་མི་ཕོད་པ་དང་རུང་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་བསམ་པ་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། དེ་ཇེ་མང་འགྲོ་རུ་མི་བཅུག་ལ། སྔ་ཡོད་ནས་གཙང་སེལ་ནན་མོ་བྱེད་དགོས། གནད་དོན་ཚབས་ཆེན་རྩད་ཞིབ་ནན་མོ་བྱས་ཏེ། མཐའ་གཅིག་ཏུ་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་བསྣོལ་འབྲེལ་ཡོད་པའི་རུལ་སུངས་རྩད་གཅོད་བྱས་ནས། མཐའ་གཅིག་ཏུ་འགོ་ཁྲིད་ལས་བྱེད་དག་ཁེ་ཕན་རག་པའི་ཚོགས་ཁག་དང་དབང་ཤུགས་ཚོགས་ཁག་གི་མགྲིན་ཚབ་པ་དང་ཚབ་འཚོང་པར་འགྱུར་བ་སྔོན་འགོག་དང་། མཐའ་གཅིག་ཏུ་སྲིད་ཚོང་ལྐོག་འབྲེལ་དང་མ་རྩ་ཆབ་སྲིད་ཁྱབ་ཁོངས་ཕྱོགས་སུ་ཐིམ་པ་སོགས་ཆབ་སྲིད་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་ནང་འཐིམས་པ་སྔོན་འགོག་བྱེད་དགོས། ཁྱབ་ཁོངས་གལ་ཆེན་འབུར་དུ་ཐོན་པ་བྱས་ནས། དངུལ་རྩ་དང་རྒྱལ་དབང་ཁེ་ལས། སྲིད་ཁྲིམས། འབྲི་རིགས་ཉོ་ཚོང་སོགས་དབང་ཆ་ཕྱོགས་བསྡུས་དང་མ་དངུལ་ཕྱོགས་བསྡུས། ཐོན་ཁུངས་མང་པོ་འདུས་པའི་ཁྱབ་ཁོངས་ནང་གི་རུལ་སུངས་དག་ཐེར་ཟབ་མོ་བྱེད་དགོས། དམིགས་འབེན་གཙོ་བོར་དམིགས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཚོད་འཛིན་མི་བྱེད་པ་དང་སྙིང་རྒན་པ་ཚོས་ཅི་འདོད་གང་འདོད་བྱེད་པ་དག་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་ནས།
འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་རྒྱུད། དེའི་བཟའ་ཟླ་སོགས་གཉེན་ཉེ་དང་ཉེ་འཁོར་གྱི་ལས་སྒྲུབ་པས་ཤུགས་རྐྱེན་བེད་སྤྱད་དེ་ཁེ་ཕན་ལེན་པ་དང་རུལ་སུངས་བྱེད་པའི་གནད་དོན་ལ་རྩད་གཅོད་ནན་མོ་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་གནད་དོན་རིགས་སོ་སོ་རྦད་དེ་དག་ཐེར་བྱེད་དགོས། རིགས་གསར་པའི་རུལ་སུངས་དང་ལྐོག་ཞབས་རུལ་སུངས་ལ་རྩད་གཅོད་ནན་མོ་བྱེད་དགོས། ལྐོག་རྔན་སྦྱིན་ལེན་མཉམ་དུ་རྩད་གཅོད་བྱས་ནས། ལྐོག་རྔན་སྦྱིན་ལེན་བྱ་སྤྱོད་ལ་ཆད་གཅོད་ཆེ་རུ་གཏོང་བ་དང་། བླ་མེད་སྤྱོད་གཙང་དང་རུལ་སུངས་འགོག་པའི་དར་སྲོལ་བཟང་པོ་བསྐྲུན་པ་དང་དར་སྤེལ་གཏོང་དགོས། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་ལས་ཟབ་མོ་བྱེད་པ་དང་། གནམ་དྲྭའི་བྱ་སྤྱོད་མུ་མཐུད་དུ་སྤེལ་ནས། བྲོས་བྱོལ་བདའ་འདེད་དང་སྔོན་འགོག ལྐོག་རྔན་བདའ་འདེད་ཀྱི་ནང་རྐྱེན་འཛུགས་དགོས།
བདུན་ནི། སྒྲིག་ཁྲིམས་ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར་ཟབ་མོ་བྱེད་དགོས། བཅོས་བསྒྱུར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལམ་ལུགས་བཅོས་བསྒྱུར་དང་། རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ནང་རྐྱེན་བཅོས་བསྒྱུར་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། བཅོས་བསྒྱུར་གསུམ་གྱི་འགོ་ཁྲིད་ལམ་ལུགས་དང་ལས་ཀའི་ནང་རྐྱེན་འཐུས་ཚང་དང་གཅིག་གྱུར་བྱེད་དགོས། ལྟ་སྐུལ་མ་ལག་ཏུ་མངག་སྡོད་བྱེད་པའི་ནང་རྐྱེན་འཐུས་ཚང་གཏོང་བ། བཅའ་སྡོད་བྱེད་པའི་ལས་ཁུངས་དང་མངག་གཏོང་བྱེད་པའི་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ལྟ་སྐུལ་དབང་ཆ་སྤྱོད་པར་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་ལ་བརྟེན་ནས་སྟོབས་ཤུགས་དང་ཐོན་ཁུངས་ལེགས་སྒྲིག་བྱེད་པ། ཆ་འཕྲིན་སྤེལ་རེས་དང་ཁུངས་སྣེ་བརྒྱུད་སྐྱེལ། བྱེད་ཐབས་རམ་འདེགས། གྲུབ་འབྲས་མཉམ་སྤྱོད་ཀྱི་ལས་ཀའི་ནང་རྐྱེན་འཐུས་ཚང་གཏོང་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཕན་ཚུན་འབྲེལ་མཐུད། དབང་གྲགས་དང་ལས་ཆོད་མཐོ་བའི་ལག་བསྟར་ནང་རྐྱེན་འཛུགས་དགོས།
བརྒྱད་ནི་དུས་རབས་གསར་པ་དང་ རྒྱང་སྐྱོད ་གསར་པའི་ཐོག་འགན་ཆེན་པོ་ཁུར་ཕོད་པའི་བྱང་ཚད་མཐོ་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་ཇེ་དྲག་གཏོང་བ། ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ལས་ཨུ་ལྷན་གྱི་དཔེ་འདོན་ནུས་པ་འདོན་སྤེལ་བྱེད་པ། ལས་ཁུངས་ཡོངས་ཀྱིས་སྒྲིག་ཁྲིམས་སྲུང་བའི་དཔེ་སྟོན་བྱེད་པ། ཏང་ལ་རྦད་དེ་བློ་དཀར་བའི་སྒྲིག་བཤེར་དང་ལྟ་ཞིབ་དཔུང་ཁག་སྐྲུན་དགོས། ནུས་པ་འཛུགས་སྐྱོང་ཇེ་དྲག་གཏོང་བ། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་འདུ་ཤེས་བརྟན་པོ་བྱེད་པ། འཐབ་རྩོད་ཀྱི་འཇོན་ནུས་སྦྱོང་བརྡར་བྱེད་པ། སློབ་སྦྱོང་ཟབ་མོ་དང་། རྟོག་ཞིབ་བདེན་པ། དོན་འཁྱོལ་དམ་འཛིན་གྱི་ལས་ཀ་སྒྲུབ་ཐབས་ཡག་པོ་སྤྱད་ནས། འཐབ་རྩོད་ཕོད་པ་དང་འཐབ་མཁས་པའི་སྒྲིག་བཤེར་དང་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། སྤྱོད་གཙང་འཛུགས་སྐྱོང་ཇེ་དྲག་གཏོང་བ། རུལ་སུངས་མི་བསམ་པ་དང་། རུལ་སུངས་མི་རུང་བ། རུལ་སུངས་མི་ཕོད་པ་བཅས་ཀྱི་འདུ་ཤེས་རང་ཉིད་འཛུགས་སྐྱོང་ནང་དུ་ཁྱབ་ཐུབ་པ། སྒྲིག་བསྟར་སྒྲིག་འགལ་དང་། ཁྲིམས་འཛིན་ཁྲིམས་འགལ་གནད་ཚུལ་ལ་གུ་ཡངས་གཏན་ནས་མེད་པ་དང་། ས་བཤིག་པའི་ཨ་པྲ་གཙང་སེལ་བྱེད་པ། མར་མེས་རང་རྩ་མི་གསལ་བར་སྔོན་འགོག་བརྟན་པོ་བྱས་ནས། རང་ཉིད་དྲང་བདེན་དང་རང་ཉིད་ནུས་པ་ཆེ་བའི་སྒྲིག་བཤེར་དང་ལྟ་ཞིབ་དཔུང་ཁག་བརྟན་པོ་ཞིག་འཛུགས་སྐྱོང་བྱེད་དགོས་པ་བཅས་རེད།
ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་མཛུབ་སྟོན་ཁ་ཕྱོགས་ལྟར། རླབས་ཆེན་ཏང་འཛུགས་སྙིང་དོན་དར་སྤེལ་གཏོང་བ་དང་། རང་རྟོན་རང་སྤེལ། དྲང་སྲུང་གསར་གཏོད། དཀའ་སྤྱད་འབད་འབུངས། ཞུམ་མེད་མདུན་སྐྱོད། དཔའ་ངར་ཆེར་བསྐྱེད་ཀྱི་འབད་བརྩོན་སྙིང་སྟོབས་དང་། ནམ་ཡང་ངལ་དུབ་མེད་པའི་སྙིང་སྟོབས་ཀྱིས་ལས་འགན་བསྒྲུབ་ཅིང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱས་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པར་མཐུན་སྒྲིལ་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།
འཕྲིན་སྟེགས། weikangba