བོད་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ།

2023-01-10
324

u=1332040059,857072649&fm=253&fmt=auto&app=138&f=JPEG.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲོད་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བཞེངས་སྐྲུན་་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མཚོན་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསལ་བོ་བཏོན་ཡོད། 

ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་ནི་རྩོམ་ཡིག་ཆེན་པོ་ཞིག་ཡིན་ལ། ཟ་འཐུང་ནས་རྩེད་མོ་རྩེ་བ་དང་དེ་ནས་བདེ་ཞིང་ལྷིང་འཇགས་ཀྱི་སྡོད་ཁང་བཅས་ཀྱིས་མི་རྣམས་ལ་སྤྲོ་སྣང་སྟེར་བ་དང་ཆབས་ཅིག  ས་གནས་ཀྱི་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཡོོད་པ་དང་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་རོལ་བའི་མང་ཚོགས་ལ་འབྱོར་ཕྱུག་དང་རེ་བ་བསྩལ་ཡོད། གངས་ལྗོངས་མཐོ་སྒང་གི་ཁྱད་འཕགས་ངོ་མཚར་ཆེ་བའི་ཁྱད་ལྡན་ཡུལ་སྐོར་གྱིས་བགྲང་ལས་འདས་པའི་ཡུལ་སྐོར་བའི་ཡིད་དབང་བཀུགས་ཡོད་ལ། ཡུལ་སྐོར་བས་སྔར་བས་སྟབས་བདེ་བའི་འགྲིམ་འགྲུལ་ཡོ་བྱད་སྤྱད་དེ་འཛམ་གླིང་ཡང་རྩེར་སླེབས་ནས་བོད་ལྗོངས་ཀྱི་ཉམས་འགྱུར་ལ་གཟིགས། ཉེ་སྔོན། ཉིང་ཁྲི་གྲོང་ཁྱེར་གྱིས2023ལོའི་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ་ཞེས་པའི་ཡུལ་སྐོར་ཁྱབ་གདལ་བྱ་འགུལ་སྤེལ་ཤིང་། དེས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པའི་དུང་བརྡ་བཏང་ཡོད། 

00301214389_b6e3cfcf.jpg

བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མུ་མཐུད་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་ཁ་ཤས་རྒྱུན་མཐུད་བྱུང་བ་དང་ཡུལ་སྐོར་བ་འབོར་ཆེན་གྱི་ཡིད་དབང་བཀུགས་ཡོད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཁོངས་སུ་ཡོད་པའི་རྨིག་སྟོད་འཁྱགས་རོམ་གྱིས་རྨིག་སྟོད་གྲོང་ཚོའི་གྲོང་མི་ཡོངས་ལ་ཡུལ་སྐོར་གྱི་ཡོང་འབབ་བསགས་ཏུ་བཅུག བསྡོམས་རྩིས་བྱས་པ་ལྟར་ན། 2021ལོར་རྨིག་སྟོད་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི11.25སྣེ་ལེན་བྱས་ཤིང་། ཡུལ་སྐོར་སྣེ་ལེན་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི1117.88ཟིན་པ་དང་། རྨིག་སྟོད་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི5ལས་བརྒལ་ཡོད། 

2021ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་རྒྱུགས་འབྲས་ཁྲོད་ཤང་གྲོང་ཡུལ་སྐོར་རྣམ་གྲངས་ཀྱིས་གྲུབ་འབྲས་ལེགས་པོ་བླངས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2021ལོར“བོད་ལྗོངས་ཀྱི་མི་རང་ཡུལ་དུ་ཡུལ་སྐོར་ལ་འགྲོ་བ”སོགས་ཀྱི་བྱ་འགུལ་ལག་བསྟར་བྱས་པ་བརྒྱུད། ལོ་ཧྲིལ་བོར་ཤང་གྲོང་ཡུལ་སྐོར་གྱིས་བསྡོམས་པས་མི་ཐེངས་ཁྲི1274.11སྣེ་ལེན་བྱས་པ་དང་། ཐད་ཀར་དང་བར་བརྒྱུད་ཀྱིས་མི་ཐེངས64521ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་མ་ཟད། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར15.87མངོན་འགྱུར་བྱུང་ཡོད།

2022ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་དཔལ་འབྱོར་བརྟན་པོ་ཡོང་བའི་ཀུན་འདུས་སྲིད་ཇུས་ཀྱི་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་དང་། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སླར་གསོ་དང་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ཁྲོམ་རའི་ཡིད་ཆེས་འཕེལ་བ་དང་གསོན་ཤུགས་རྒྱས་པར་བྱས།

u=3052819541,4118091225&fm=253&fmt=auto&app=138&f=JPEG.jpg

མིག་སྔར། བོད་ལྗོངས་ཀྱི་ཤང་གྲོང་ཡུལ་སྐོར་དང“ཡུལ་སྐོར+”“རིག་གནས+”“དྲ་སྦྲེལ+”མཉམ་འགུལ་ལག་བསྟར་བྱས་པ་དང་། དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ། བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས། དེ་བཞིན་གྲོང་ཁྱེར་དང་ས་ཁུལ་གྱི་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་བ། གཙོ་གནད་གསར་བརྗེའི་གནའ་ཤུལ་བསྐྱར་སྐྲུན་དང་རྒྱས་སྐྲུན། མཐའ་མཚམས་ས་ཁུལ་གྱི་མཛེས་ལྗོངས་ཁུལ་གསར་སྤེལ་སོགས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་དག “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་ཀྱི་མཛུབ་སྟོན་འོག དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་རེད། བསྡོམས་རྩིས་བྱས་པ་ལྟར་ན། 2012ལོ་ནས2021ལོའི་བར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི25836.81སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3345.44བྱུང་ཡོད། 2021ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་སུ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ1(ཀླུ་ནང་)དང་རྒྱལ་ཁབ་ཀྱིAརིམ་པའི་མཛེས་ལྗོངས་ཁུལ150(དེའི་ནང་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ5)བཅས་ཡོད། 

སླད་ཕྱིན་གྱི་བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱིས་བོད་ལྗོངས་འཆམ་མཐུན་དང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་མང་ཚོགས་བདེ་སྡོད་ལས་བརྩོན་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་རེད།  །

  • 顶 0