ཏང་གི་ཚོགས་ཆེན་ཉི་ཤུ་པའི་མཚོ་སྔོན་གྱི་འཐུས་མིས“དུས་རབས་གསར་བར་འབད་པའི་བསྐྱོད”ཅེས་པའི་བརྗོད་དོན་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།

2022-12-12
395

e8a76bb6-e7c4-400f-9d85-9d9174a52537.jpg

ཟླ10པའི་ཚེས17ཉིན་གྱི་དགོང་མོར། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་སོགས་རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་པེ་ཅིན་འགྲེམ་སྟོན་ཁང་དུ་སོང་ནས། “དུས་རབས་གསར་བར་འབད་པའི་བསྐྱོད”ཅེས་པའི་བརྗོད་དོན་འགྲེམ་སྟོན་ལ་བལྟས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན་གྱི་དགོང་མོར། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་སོགས་རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་པེ་ཅིན་འགྲེམ་སྟོན་ཁང་དུ་སོང་ནས། “དུས་རབས་གསར་བར་འབད་པའི་བསྐྱོད”ཅེས་པའི་བརྗོད་དོན་འགྲེམ་སྟོན་ལ་བལྟས།

འགྲེམ་སྟོན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་གཙོར་བྱས་ཏེ། དུས་རབས་གསར་བའི་ལོ་ངོ10ཡི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་རླབས་ཆེ་བའི་གྲུབ་འབྲས་དང་། རླབས་ཆེ་བའི་འགྱུར་ལྡོག་དམིགས་སུ་བཟུང་ནས། མཚམས་སྦྱོར་ཚོམས་ཆེན་དང་། ཀྲུང་དབྱང་ཕྱོགས་བསྡུས་འགྲེམ་ཁུལ། ས་གནས་འགྲེམ་ཁུལ། མ་འོངས་པར་རྒྱང་ལྟ་བྱེད་པའི་འགྲེམ་ཁུལ། ཕྱི་རོལ་འགྲེམ་ཁུལ་སོགས་འགྲེམ་ཁུལ6ཡོད་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3ཡོད་ཅིང་། པར་རིས་དང་དངོས་རྫས། མ་དཔེ་སོགས་སྣ6000ལྷག་གིས་རྒྱུ་ཆའི་གྲུབ་ཡོད།

འཐུས་མི་ཚོས་ལྟ་ཞིབ་ཀྱི་ལམ་ཐིག་བརྒྱུད་དེ་འགྲེམ་ཁུལ་རེ་རེར་སོང་ནས། འགྲེལ་བརྗོད་པའི་འགྲེལ་བཤད་ལ་ཉན་པ་དང་། ཕྱོགས་གཅིག་ནས་བརྙན་རིས་དང་པར་རིས། དངོས་རྫས་སོགས་ལ་ཞིབ་མོར་བལྟས་ཤིང་། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཚོར་ཤེས་བྱས། འཐུས་མི་རྣམས་མཚོ་སྔོན་འགྲེམ་ཁུལ་དུ་ཐོན་སྐབས། ནམ་མཁའ་སྔོ་ཞིང་དྭངས་ལ། རྩྭ་ལྗང་གི་ཁ་དོག་གཙོར་བྱས་པ་མིག་ལམ་དུ་མངོན་པ་དང་། ཆུ་མཛོད་ཀྱི་རྣམ་པའི་བརྙན་ཡོལ་ཅིག་འགྲེམ་ཁུལ་གྱི་དཀྱིལ་དུ་ལྷང་ངེ་བུད་འདུག  ཚང་མས“སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན”དང“ཐོན་ལས་ཀྱི‘གནས་བཞི’འཛུགས་སྐྲུན”། “དམངས་འཚོའི་བདེ་སྐྱིད་མཐོར་འདེགས”། “མི་རིགས་མཐུན་སྒྲིལ”བཅས་སྡེ་ཚན་བཞི་དང“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང”ཆེད་དོན་འགྲེམ་ཁུལ་ལ་ཏན་ཏིག་གིས་བལྟས་ཤིང་། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་གྱི་ཁ་ཕྱོགས་ལྟར་མདུན་དུ་བསྐྱོད་དེ། བྱ་བ་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། གྲུབ་འབྲས་གསར་བ་བླངས་པར་གཟི་བརྗིད་ཀྱིས་ཁེངས།

འཐུས་མི་ཚོས་བསྟན་དོན། ཐེངས་འདིའི་ལྟ་སྐོར་བརྒྱུད། འཐབ་ལམ་གསར་བར་འབད་པའི་བསྐྱོད། དུས་རབས་གསར་བར་བྱས་རྗེས་འཇོག་པའི་ཡིད་ཆེས་དང་སྟོབས་ཤུགས་བསྐྱེད་ཅིང་། ཚོགས་འདུ་ལེགས་པོར་འཚོགས་པ་དང་། འགན་ནུས་ལག་བསྟར་གྱི་འགན་འཁྲི་ལག་ཏུ་བསྟར་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་ཟབ་སྒོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་ལག་ལེན་ལེགས་པོ་བྱས་ནས། ཡར་སྐུལ་དང་ སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་ཐད་མཐུན་སྒྲིལ་འབད་འབུངས་བྱེད་དགོས་པའི་འདོད་ཚུལ་བསྟན།  །


  • 顶 0