
འདི་ནི་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཞོན་རང་ཤང་ཞོན་པོ་སྡེ་བའི་སྡེ་མིས་རང་ཁྱིམ་དུ་ཁ་པར་བརྒྱུད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐད་གཏོང་ལ་ལྟ་བཞིན་པའི་ཚུལ་རེད།
དུས་རབས་གསར་བ། བསམ་བློ་གསར་བ། དམིགས་འབེན་གསར་བ། བགྲོད་ལམ་གསར་བ། ཉིན་གཉིས་རིང་། སྤྱི་ཁྱབ་ཧུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི་སྙན་ཞུ་དེ་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཚང་མས་སྙན་ཞུ་དེ་ནི་དར་ཆ་གསལ་སྒྲེང་དང་བརྗིད་ཉམས་ལྡན་ལ། ནང་དོན་གཏིང་ཟབ་ཅིང་གནད་ལ་འཁེལ་བའི་སྙན་ཞུ་ཞིག་ཡིན་ཞིང་། ཇུས་འགོད་བྱས་པའི་འཆར་གཞི་དམངས་སེམས་དང་བསྟུན་པ་དང་། མདུན་དུ་སྐྱོད་པར་སྐུལ་འདེད་བཏང་ཡོད་ཅིང་། ངར་སེམས་རབ་ཏུ་འཕེལ་ཡོད་པའི་བསམ་ཚུལ་བཏོན། ཚང་མས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེར་བསྐྱེད། ཞུམ་མེད་མདུན་སྐྱོད་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དང་། ཕྱོགས་ཡོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་བསམ་པ་བསྟན། །
འཕྲིན་སྟེགས། weikangba