
ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལ་མུ་མཐུད་དུ་བགྲོ་གླེང་བྱས་ཤིང་། བློ་མཐུན་ཀྲའོ་ཁེ་ཀྲི་བགྲོ་གླེང་ལ་ཞུགས། ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཝུའུ་ཞའོ་ཅུན་བགྲོ་གླེང་ལ་ཞུགས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལ་མུ་མཐུད་དུ་བགྲོ་གླེང་བྱས་ཤིང་། བློ་མཐུན་ཀྲའོ་ཁེ་ཀྲི་བགྲོ་གླེང་ལ་ཞུགས། ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཝུའུ་ཞའོ་ཅུན་བགྲོ་གླེང་ལ་ཞུགས།
བློ་མཐུན་ཀྲའོ་ཁེ་ཀྲི་ཡིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནི་རང་རྟོན་རང་བརྩོན་དང་དྲང་སྲུང་གསར་གཏོད་ཀྱི་ཆབ་སྲིད་བསྒྲགས་གཏམ་ཞིག་ཡིན་ལ། ངར་ཤུགས་ཆེར་སྐྱེད་དང་དཔའ་སྤོབས་མདུན་སྐྱོད་ཀྱི་འགུལ་སྐྱོད་རྩ་འཛིན་ཞིག་ཀྱང་ཡིན། བགྲོད་ལམ་གསར་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་ཡོད་པས། ང་ཚོའི་ཏང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་སྡུག་གི་རྨད་དུ་བྱུང་བའི་ལེའུ་བརྩོམ་ཐུབ་ངེས། སློབ་སྦྱོང་བགྲོ་གླེང་བྱས་པ་བརྒྱུད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་། “རྒྱུན་འཁྱོངས་དྲུག”གི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་རྩོམ་པའི་གཞུང་ལུགས་ཀྱི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱར་གོ་བ་ཟབ་མོ་བླངས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་། “དགོས་ངེས་གསུམ”གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དང་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་ཞེས་གསུངས།
འཐུས་མི་ཝང་ལིན་ཧུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ནི། མཐོངས་ཡངས་ཤིང་རྒྱ་ཆེ་བ་དང་། དགོངས་གཞི་མཐོ་ཞིང་རྒྱང་རིང་བ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཚུད་ཡོད་པ་དང་། ཉེ་རབས་ཀྲུང་གོ་གུང་ཁྲན་ཏང་མིས་དུས་རབས་གསར་པར་འབད་པས་བསྐྱོད་པའི་ལག་ལེན་གྱི་སྤྱི་སྡོམ་འདུས་ཡོད་པས། སྙན་ཞུའི་མགོ་མཇུག་ཀུན་ཏུ་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་གཟི་འོད་དང་བདེན་ལུགས་གྱི་འོད་སྣང་འཕྲོ་བཞིན་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་མཁས་མཛངས་ཁྱད་འཕགས་ལྡན་པའི་མི་དམངས་ཀྱི་གཙོ་འཛིན་དང་བསྐལ་བརྒྱའི་བྱ་གཞག་རླབས་ཆེན་གྱི་དབུ་ཁྲིད་པ་ཡིན་པའི་ཆ་ནས། མཐུན་སྒྲིལ་ཆེན་པོས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ། སྔར་ཀུན་ལ་གྲགས་ཤིང་དེང་ཡང་གཟི་བརྗིད་ཆེ་བའི་གྲུབ་འབྲས་རླབས་ཆེན་བླངས་པ་དང་། ངོ་མཚར་རྨད་བྱུང་གི་འཕོ་འགྱུར་རླབས་ཆེན་མངོན་འགྱུར་བྱས་སྟབས། མ་འོངས་པར་ཡང་མཚར་སྡུག་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་བསྐྲུན་ཐུབ་ངེས་ལ། ཀྲུང་གོའི་གྲུ་ཆེན་འདིའི་སྣེ་ཁྲིད་ནས་གཟི་འོད་འབར་བའི་འགྲམ་ངོགས་སུ་བསླེབ་ངེས་ཡིན་ཞེས་གསུངས།
ལུའི་ཀང་དང་ཀྲང་ཅིན་མའེ་སོགས་འཐུས་མིས་གཏམ་བཤད། །
འཕྲིན་སྟེགས། weikangba