ཏང་གི་ཚོགས་ཆེན་ཉི་ཤུ་ནང་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་རྣམས་ལྷ་སར་འབྱོར་བ།

2022-12-12
359

2.jpg

3.jpg

པར་འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་རྣམས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགན་འཁྲི་སོ་སོ་ལེགས་འགྲུབ་བྱུང་རྗེས། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་ཚེས25ཉིན་གནམ་གྲུར་བསྡད་དེ་ལྷ་སར་འབྱོར་བ་རེད།

ཚོགས་ཆེན་རིང་། བོད་ལྗོངས་ཀྱི་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཀྲེང་གི་མགོ་ཁྲིད་འོག ཚད་མཐོའི་ཆབ་སྲིད་འགན་འཁྲིའི་སེམས་དང་ཤུགས་དྲག་པའི་ལོ་རྒྱུས་ལས་འགན་འཁུར་སེམས། བློ་དཀར་ངང་ལས་འགན་སྒྲུབ་པ། སྒྲིག་ལམ་སོ་སོ་ནན་གྱིས་སྲུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་ཀྲུང་དབྱང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་ཞུ་དང་། ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)ནན་གྱིས་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞིའི་འཐུས་ཚབ་ཚོགས་པར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་པའི་ངང་སློབ་སྦྱོང་བྱས་ནས། ལོ་རྒྱུས་དུས་སྐབས་ལ་བདེན་དཔང་བྱས་ཏེ་བསམ་པའི་རྣམ་པ་བཟང་པོ་མངོན་ཡོད།

འཐུས་མི་རྣམས་ཀྱིས་མཐའ་གཅིག་ཏུ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་འཚོགས་པ་ནི། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། ང་ཚོ་ཏང་གིས་མུ་མཐུད་དུ་མི་དམངས་དུང་ཕྱུར་ཁ་ཤས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་བརྩོན་ཐད་ཆབ་སྲིད་བསམ་བློའི་རྨང་གཞི་གལ་ཆེན་བཏིང་ཡོད་ལ། ཕྱོགས་ཡོངས་ནས་ཏང་གི་རྨང་གཞིའི་གཞུང་ལུགས་དང་། རྨང་གཞིའི་ལམ་ཕྱོགས། རྨང་གཞིའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པར་འབད་བརྩོན་བྱེད་པར་སྲ་བརྟན་གྱི་ཆབ་སྲིད་དང་རྩ་འཛུགས་འགན་སྲུང་མཁོ་འདོན་བྱས་ཡོད། ལས་གནས་སུ་ཐོན་རྗེས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོར་བྱས་ནས། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏིང་ཟབ་པའི་ངང“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་རྟོགས་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། བསམ་བློ་དང་འགུལ་སྐྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཐོག་གཅིག་གྱུར་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་བྱས་ནས། རླབས་ཆེན་གྱི་ཏང་གི་འཛུགས་སྐྲུན་དགོངས་པ་ཤུགས་ཆེན་པོའི་ངང་དར་སྤེལ་བཏང་སྟེ་དུས་དང་རྣམ་པ་ཀུན་ཏུ“ངེས་པར་གསུམ”སེམས་སུ་དམ་པོར་བཟུང་ཞིང་། དཔེ་བཟང་མགོ་ཁྲིད་ནུས་བ་གང་ལེགས་སྤེལ་ནས་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་། བོད་ལྗོངས་ཡུན་རིང་བདེ་བཀོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འབུངས་བྱེད་དགོས་ཞེས་བསྟན། །


  • 顶 0