ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ལྷ་སར་ཚོགས་པ།

2022-12-12
455

e5016428-0bc0-4e99-80a2-17e54398a98a.jpg.1.jpg

པར་འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ལྷ་སར་ཚོགས་ཤིང་། འདི་ནི་སྙན་ཞུ་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་གཞིར་བཟུང་། ཟླ11པའི་ཚེས8ཉིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ལྷ་སར་ཚོགས་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྙན་ཞུ་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གཏམ་བཤད་གནང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཅན་ཞིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་རེད། བློ་བཟང་རྒྱལ་མཚོ་དང་ཡན་ཅིན་ཧའེ། ཀྲོང་ཡན། ཁྲིན་ཡུང་ཆི་བཅས་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུའི་ཐོག ཝང་ཅན་ཞིན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་བའི་ལོ་ངོ་བཅུའི་རླབས་ཆེའི་འཕོ་འགྱུར། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལོ་རྒྱུས་འགན་འཁྲི་གསར་སྐྲུན། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འགན་འཁྲིར་སྐུལ་འདེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་དམིགས་ཚད་ལས་འགན། རླབས་ཆེའི་རང་ལུས་གསར་བརྗེ་ཡིས་རླབས་ཆེའི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་པའི་བླང་བྱ་གལ་ཆེན། དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ཀྱིས་འགྲན་སློང་དང་ཉེན་ཁར་གདོང་ཐུག་བྱེད་པའི་བླང་བྱ་བཅས་ཕྱོགས་བདུན་གྱི་ངོས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཕྱོོགས་ཡོངས་དང་གཙོ་གནད་འབུར་ཐོན་སྒོས་སྒྲོག་འགྲེལ་དང་འགྲེལ་བཤད་བྱས་པ་རེད།

ཝང་ཅུན་ཀྲེང་གིས་སྙན་ཞུ་ཚོགས་འདུར་མགོ་འཛིན་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཞིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཆབ་སྲིད་ངོས་འཛིན་དང་དགོངས་པ་ངོས་འཛིན། གཞུང་ལུགས་ངོས་འཛིན། བརྩེ་བ་ངོས་འཛིན་བས་སྔར་བས་གཏིང་ཟབ་དུ་བཏང་ནས། སྔར་བས་རང་རྟོགས་སྒོས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མུ་མཐུད་ཇེ་མཐོར་བཏང་ནས། རང་རྟོགས་སྒོས་དགོངས་པ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐོ་ཚད་དང་གཅིག་གྱུར་ཡོང་བར་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་དེའི་ཁྲོད་ཀྱི་འཛམ་གླིང་ལྟ་བ་དང་བྱེད་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ནས། མི་དམངས་ལྟེ་བར་འཛིན་པ་དང་རང་རྟོན་རང་ཚུགས། དྲང་བཞག་གསར་སྐྲུན། གནད་དོན་གླེང་ཕྱོགས། མ་ལག་འདུ་ཤེས་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་དེ་དགོངས་པ་སྲ་བརྟན་དང་ཏང་གཤིས་བཙོ་སྦྱོང་། ལག་ལེན་མཛུབ་སྟོན་དུ་སྒྱུར་ཏེ། ལས་དོན་གྱི་སྒུལ་ཤུགས་ཆེན་པོར་སྐུལ་འདེད་གཏོང་དགོས་པ་བསྟན། 

ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་གྱུར་བྱས་ནས། “དོན་ཆེན་བཞི”དང“གསར་གཏོད་བཞི”བཅས་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་སྤྱིའི་དམིགས་ཚད་དང་ཁ་ཕྱོགས། བླང་བྱ་བཅས་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་ནས་སྐུལ་འདེད་དང་། གཙོ་གནད་འབུར་ཐོན། དེང་སྐབས་ལ་རྐང་ཚུགས་པ།  རྒྱང་རིང་དུ་བསམ་གཞིགས་བཏང་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གངས་ལྗོངས་མཐོ་སྒང་དུ་རྩ་བ་ཚུགས་པར་འགན་ལེན་ཏན་ཏིག་བྱེད་དགོས། མཐུན་སྒྲིལ་འབད་བརྩོན་གྱི་དུས་རབས་བླང་བྱར་དམ་འཛིན་ཁོང་དུ་ཆུད་པ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱས་ཏེ། འཐབ་ཇུས་ཡིད་རྟོན་བརྟན་དུ་གཏོང་བ་དང་རྒྱལ་ངེས་པའི་འདུ་ཤེས་རྒྱུན་འཁྱོངས། ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་ཕྱོགས་ཡོངས་ནས་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ནས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ཏུ་གཏོང་བ། ཕྱགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། ལས་བྱེད་པའི་དཔུང་སྡེར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་རྒྱས་བར་འགན་ལེན་ཏན་ཏིག་བྱེད་དགོོས། མགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ལག་ལེན་བྱས་ནས་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་། འགན་འཁྲི་འཁུར་ཕོད་པ། མཐུན་སྒྲིལ་ལས་སྒྲུབ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མིག་དཔེ་བྱས་ཏེ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས“དགོས་ངེས་བརྒྱད”ལེགས་པོར་སྒྲུབ་པར་སྐུལ་ཁྲིད་བྱེད་པ། ལས་དོན་ཁག་ལེགས་པོར་སྒྲུབ་ནས་དོན་དངོས་ཀྱི་ཕན་འབྲས་ཀྱིས་ལས་བྱེད་པའི་ནུས་པ་དང་ཆུ་ཚད་ལ་བརྟག་ཞིབ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་གྲུབ་འབྲས་ལག་ལེན་དོན་འཁྱོལ་ཡོང་བར་བྱེད་དགོས། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། དོན་ཐོག་ཏུ་འཁྱོལ་བའི་ཐོག་ཤུགས་བསྣན་ནས་མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་ཡོངས་སུ་ཁེབས་པའི་སྒྲོག་འགྲེལ།དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ། དམངས་ཡོངས་ལག་ལེན་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན། དྲིལ་སྒྲོག་ཞིབ་ཚགས་བྱེད་པར་སྐུལ་འདེད་བཏང་ནས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་དང་བྱ་སྤྱོད་ཀྱིས་སློབ་སྦྱོང་ལག་ལེན་བཅས་ལ་སྐུལ་ཁྲིད་བྱས་ནས། མཛེས་སྡུག་ལྡན་པའི་བདེ་སྐྱིད་བོད་ལྗོངས་འཛུགས་སྐྲུན་དང་རླབས་ཆེའི་བསྐྱར་དར་ཕུགས་འདུན་མཉམ་དུ་སྐྲུན་དགོས་པ་ནན་གྱིས་བསྟན།

སྙན་ཞུ་ཚོགས་འདུ་ནི་བརྙན་འཕྲིན་དང་ཁ་པར་ཚོགས་འདུའི་རྣམ་པས་བསྡུས་ཤིང་། ལྷ་སར་ཚོགས་ར་གཙོ་བོ་བཙུགས་ཡོད་ལ་ས་ཁུལ་དང་གྲོང་ཁྱེར་སོ་སོའི་རྫོང་དང་ཆུས། ཤང་དང་གྲོང་རྡལ། དོན་གཅོད་ཁང་སོ་སོ། འབྲེལ་ཡོད་མཐོ་རིམ་སློབ་གྲྭ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

བོད་རང་སྐྱོང་ལྗོངས་ཏང་ཨུ་དང་དམངས་ཆེན་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་ཞིང་ཆེན་རིམ་པའི་མགོ་ཁྲིད་བློ་མཐུན་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ལྷ་སར་ཡོད་པའི་ལས་འཁྱུར་ངལ་གསོ་བྱས་པའི་ཞིང་ཆེན་རིམ་པའི་མགོ་ཁྲིད་བློ་མཐུན། བོད་ལྗོངས་དམག་ཁུལ་དང་དྲག་ཆས་ཉེན་རྟོག་པ་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་ས་རྟེན་གཞིའི་འགན་འཁུར་བློ་མཐུན། ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། ལྗོངས་རྒྱལ་དབང་ཁེ་ལས་ཀྱི་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད། 

  • 顶 0