ཞི་ཅིན་ཕིང་གིས་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀོ་དང་གྲོས་མོལ་གནང་བ།

2023-04-21
1214

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀོ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཀའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཐག་བཅད།

ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀོ་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་པང་ཀོས་ཀྲུང་གོར་འཚམ་འདྲིར་གནང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། སང་ལོར་ང་ཚོས་ཀྲུང་ཀ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་བསུ་རྒྱུ་ཡིན། དུས་རབས་ཕྱེད་ཀའི་རིང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མང་པོའི་ཐུགས་ཁུར་དང་སྣེ་ཁྲིད་འོག ཀྲུང་ཀའི་མཛའ་བརྩེ་ནི་མི་འགྱུར་རྡོ་རྗེ་ལྟ་བུར་གྱུར་ཡོད། ཕྱོགས་གཉིས་ཀྱི་སྲ་བརྟན་རྒྱབ་སྐྱོར་འོག རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་ནི་ཀ་པོན་གྱི་གྲོགས་པོ་བཟང་པོ་ཡིན། ཁྱེད་ཀྱིས་ཐེངས་འདིར་ཀྲུང་གོར་འཚམ་འདྲི་གནང་བ་དེས་ཀྲུང་ཀ་འབྲེལ་བའི་གལ་ཆེན་རང་བཞིན་དང་ཆུ་ཚད་མཐོན་པོ་མངོན་པར་མཚོན་ཡོད། ཀྲུང་ཀ་འབྲེལ་བར་གཏིང་ཟབ་དང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་དང་ཡུན་རིང་གི་ཁེ་ཕན་ལ་འཚམ་ཞིང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གལ་ཆེའི་དཔེ་སྟོན་གྱི་བྱེད་ནུས་འདོན་སྤེལ་བྱེད་ཐུབ། ཀྲུང་གོས་ཀ་པོན་དང་མཉམ་དུ་ཀྲུང་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་འཁྱོངས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད།

ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀོ་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀ་པོན་གྱིས་ཧུར་ཐག་གིས་སྔ་མོ་ནས“གསར་དར་ཀ་པོན”འཛུགས་སྐྲུན་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པར་གཞོལ་བཞིན་ཡོད། ཀྲུང་གོས་ཀ་པོན་དང་མཉམ་དུ་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ་འཐབ་ཇུས་ཡིད་རྟོན་གཏིང་ཟབ་དུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་སྣང་བྱེད་པའི་གནད་དོན་དང་འབྲེལ་བའི་ཐད་ནས་ཕན་ཚུན་ལ་འགྱུར་མེད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་བློ་ཐག་རྦད་ཆོད་ཀྱིས་ཀ་པོན་གྱིས་རང་རྒྱལ་ཁབ་ཀྱི་གནས་བབ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ཐོག་བསྐྱོད་པར་རྒྱབ་སྐྱོར་བྱས་ནས། འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ནགས་ལས། ཉ་ལས། གྲངས་ཀའི་དཔལ་འབྱོར་དང་ཐོན་ལས་གླིང་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀ་པོན་གྱིས་དཔལ་འབྱོར་སྣེ་མང་འཕེལ་རྒྱས་དང་ཐོན་ལས་རིམ་སྤར་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱས་ནས་མཉམ་དུ་ལྗང་མདོག་གི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུལ་ལ་སྐུལ་འདེད་གཏོང་བ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏོད་པའི་ལྷོ་ལྷོ་མཉམ་ལས་ཀྱི་མ་དཔེ་གསར་སྐྲུན་བྱ་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་ཆོས་བརྗེ་རེས་གཏིང་ཟབ་དུ་བཏང་ནས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ། དབུལ་ཉུང་ཞིང་ཕན་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་ཀ་པོན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཅུང་མ་འགོར་བར་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་སྐབས་འདིར། ཕྱོགས་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་སྔར་བས་གཏིང་ཟབ་དུ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟའི་འཛམ་གླིང་ལ་འགྲན་སློང་སྣ་ཚོགས་དང་ཉེན་ཁ་མང་པོར་འཕྲད་ཡོད། ཀྲུང་གོ་དང་ཧྥེ་གླིང་གི་རྒྱལ་ཁབ་སོ་སོ་ལ་ག་དུས་ལས་ཀྱང་མཁོ་བ་ནི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དགོས་པ་དེ་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་ཧྥེའི་མཛའ་བརྩེའི་མཉམ་ལས་སྙིང་སྟོབས་རྒྱུད་འཛིན་དར་སྤེལ་བཏང་ནས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཧྥེ་གླིང་གིས་གཞན་ལས་ཁྱད་དུ་འཕགས་པ་དང་སྒེར་ཚུགས་རང་བདག་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཧྥེ་གླིང་གིས་འབྲུ་རིགས་བདེ་འཇགས་དང་བཟོ་ལས་ཅན་གྱི་འཕེལ་རིམ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཧྥེ་གླིང་དེ་འཛམ་གླིང་ཆབ་སྲིད་དང་དཔལ་འབྱོར། དཔལ་ཡོན་འཕེལ་རྒྱས་ཀྱི་སྣེ་གལ་ཆེན་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱས་ནས། རང་སྟེང་གི་འཕེལ་རྒྱས་གསར་བས་ཧྥེ་གླིང་ལ་གོ་སྐབས་གསར་བ་བསྐྲུན་ནས་ཀྲུང་ཧྥེའི་དངོས་བརྩོན་མཉམ་ལས་དེ་ལྷོ་ལྷོ་མཉམ་ལས་དང་རྒྱལ་སྤྱིའི་ཧྥེ་གླིང་མཉམ་ལས་ཀྱི་དཔེ་མཚོན་དུ་གསར་སྐྲུན་བྱ་འདོད་ཡོད།

པང་ཀོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་ཀྲུའུ་ཞིར་བདམས་ནས་ཅང་མ་འགོར་བར་གདན་ཞུ་ལྟར་ཀྲུང་གོར་འཚམ་འདྲིར་ཕེབས་པ་ལ་དགའ་སྤྲོ་སྐྱེས་ཡོད་པ་དང་། ངས་ཡང་བསྐྱར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞིང་། ཚོགས་ཆེན་འདི་གཉིས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཚད་མཐོའི་ཡིད་ཆེས་བཅངས་བ་མཚོན་ལ། ང་ཚོས་སྔར་ལས་ལྷག་པར་ཀྲུང་གོ་མུ་མཐུད་དུ་དར་རྒྱས་གོང་འཕེལ་གྱི་བགྲོད་ལམ་དུ་གྲུབ་འབྲས་གལ་ཆེན་མང་པོ་ལེན་ཐུབ་པར་ཡིད་ཆེས་བརྟན་མོ་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ཏུ་བསྟར་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་འཛུགས་སོགས་ཀྱི་འདུ་ཤེས་གལ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀ་ཀྲུང་ཕྱོགས་གཉིས་ལ་ཚད་མཐོའི་ཆབ་སྲིད་ཡིད་རྟོན་ཡོད་པས་ནམ་ཡིན་ཡང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོས་དུས་ཡུན་རིང་བོར་ཀ་པོན་ལ་གལ་ཆེའི་རོགས་སྐྱོར་གནང་ནས་ཀ་པོན་གྱི་དཔལ་འབྱོར་སྣེ་མང་ཅན་འཕེལ་རྒྱས་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་བཏོན་པར་བཀའ་དྲིན་ཞུ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་རྨང་གཞི་སྒྲིག་ཆས་དང་ཞིང་ལས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁེ་ལས་ཀ་པོན་དུ་བཟོ་ལས་གླིང་འཛུགས་སྐྲུན་ནང་ཞུགས་པར་དགའ་བསུ་ཞུ་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁེ་ལས་ལ་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱ་འདོད་ཡོད། ཀ་པོན་གྱིས་ཀྲུང་གོ་དང་མཉམ་དུ་སང་ལོར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས་ནས། མཛའ་བརྩེའི་མཉམ་ལས་སྲ་བརྟན་དང་གཏིང་ཟབ་དུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཀ་ཀྲུང་ལ་རྒྱལ་སྤྱིའི་ལས་དོན་མང་པོའི་སྟེང་ཕན་ཚུན་འདྲ་མཚུངས་དང་གཅིག་མཚུངས་ཀྱི་ལངས་ཕྱོགས་ཡོད་པ་དང་། ཚང་མས་རྒྱལ་ཁབ་སོ་སོའི་བདག་དབང་ལ་བརྩི་འཇོག་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ཐེ་གཏོགས་ལ་ངོ་རྒོལ། མིའི་ཐོབ་ཐང་གནད་དོན་ཆབ་སྲིད་ཅན་དང་ཚད་གཞི་ཉིས་བརྩེགས་ལག་ཏུ་བསྟར་བར་ངོ་རྒོལ་བྱེད་བཞིན་ཡོད། ཀ་པོན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ཕྱོགས་མང་འཐབ་ཇུས་མཉམ་ལས་གཏིང་ཟབ་དུ་བཏང་ནས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དང་ཧྥེ་ཀྲུང་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་བ་དང་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། 

ཐུག་འཕྲད་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་དངུལ་གཏོང་དང་ཞིང་ལས། སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་མང་པོའི་ཕྱོགས་མང་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས།

ཐུག་འཕྲད་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་པང་ཀོ་ལ་བསུ་མའི་མཛད་སྒོ་བསྡུས།

ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀོ་དང་གྲོས་མོལ་གནང་། འདི་ནི་ཐུག་འཕྲད་སྔོན་ལ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་པང་ཀོ་ལ་བསུ་མའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།

པང་ཀོ་སླེབས་དུས། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས་བ་དང་། གུས་དམག་གྲལ་བསྒྲིགས་ཏེ་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་ནས། གཟབ་སྦྲེང་རུ་ཁག་གིས་ཀྲུང་ཀ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། པང་ཀོས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམངས་དམག་གཟབ་སྦྲེང་རུ་ཁག་གི་རུ་སྟར་རྣམ་པར་བལྟས།

ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀོ་དང་གྲོས་མོལ་གནང་། འདི་ནི་ཐུག་འཕྲད་སྔོན་ལ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་པང་ཀོ་ལ་བསུ་མའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།

ཞི་ཅིན་ཕིང་གི་ལྕམ་མོ་ཕེང་ལི་ཡོན་གྱིས་པང་ཀོའི་ལྕམ་མོ་ཞི་ཨར་ཝེ་ཡ་དང་མཉམ་དུ་བསུ་མའི་མཛད་སྒོར་ཞུགས།

ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀོ་དང་གྲོས་མོལ་གནང་། འདི་ནི་ཐུག་འཕྲད་སྔོན་ལ་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་པང་ཀོ་དང་ལྕམ་མོ་ཞི་ཨར་ཝེ་ཡ་མཉམ་དུ་པར་ལེན་པའི་ཚུལ་རེད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་པང་ཀོ་དང་ལྕམ་མོ་ཞི་ཨར་ཝེ་ཡ་ལ་བསུ་མའི་གསོལ་སྟོན་བཤམས།

ཝང་དབྱི་དང་ཆིན་ཀང་གོང་གསལ་གྱི་བྱེད་སྒོར་ཞུགས། །

  • 顶 0