《ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་དེབ》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

2023-04-18
305

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་དང་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་དེབ》(གཤམ་དུ《སློབ་དེབ》ཅེས་བསྡུ་རྒྱུ)ཅེས་པ་ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ལ་ཤུགས་སྣོན་རྒྱུ་དེ་གཙོ་གནད་དུ་བཟུང་ནས། ཞིང་ལས་དང་ཞི་སྡེ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་ལ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི“ཞིང་གསུམ”བྱ་བ་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་སའང་ཡིན། 《སློབ་དེབ》དེར་བསྡོམས་པས་ཆེད་དོན16དབྱེ་བ་དང་། “ཞིང་གསུམ”བྱ་བའི་ལོ་རྒྱུས་ཁ་ཕྱོགས་དང་འཐབ་ཇུས་ཀྱི་ངེས་གནས་དང་། འཕེལ་རྒྱས་ཀྱི་དམིགས་ཚད་དང་གཙོ་གནད་ལས་འགན། ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་སོགས་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་རྣམ་བཤད་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་བརྒྱབ་ཡོད།

《སློབ་དེབ》པར་སྐྲུན་བྱས་པ་ལས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་དང་གཏིང་ཟབ། མ་ལག་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པར་ཕན་ནུས་ལྡན་ལ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་ཞིང་སྡེ་དེང་རབས་ཅན་གྱི་གོ་རིམ་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།  །

  • 顶 0