ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ།

2023-04-13
414

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་དུ་རྟོག་ཞིབ་གནང་། ཁོ་རང་ཐོག་མར་ཀྲིན་ཅང་གྲོང་ཁྱེར་དུ་ཕེབས་པ་དང་། སྔ་རྗེས་སུ་རྒྱལ་ཁབ་ཀྱི863འཆར་འགོད་ལས་གཞིའི་རྒྱ་མཚོའི་གསོ་སྤེལ་ས་བོན་བཟོ་འགོད་ཀྱི་ནུབ་ཕྱོགས་རྟེན་གཞི་དང་མ་ཀྲང་ཆུས་ཧུའུ་ཀོང་གྲོང་རྡལ་ཅིན་ཉིའུ་ཏའོ་སྡོང་དམར་ནགས་ཚལ་ཡུག་ཁུལ། ཞུའུ་ཝིན་ཀང་། བྱང་རྒྱུད་མཚོ་ཁུག་བསྐོར་བའི་ཀོང་ཏུང་ཆུའི་ཐོན་ཁུངས་སྡེབ་སྒྲིག་བཟོ་འགོད་བཅས་སུ་རྟོག་ཞིབ་གནང་ལ། ས་གནས་ཀྱི་རྒྱ་མཚོའི་ཉ་ལས་འཕེལ་རྒྱས་དང་སྡོང་དམར་ནགས་ཚལ་སྲུང་སྐྱོང་ལ་ཤུགས་སྣོན་པ། འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་ཀྱི་དྲ་སྦྲེལ་ཤར་གཏོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཀོང་ཏུང་དང་ཧེ་ནན་ཕན་ཚུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་སྡེབ་སྒྲིག་ལེགས་བཅོས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

  • 顶 0