སྤྱི་ཟླ་3པའི་ཚེས་12ཉིན། དཔྱིད་རླུང་འཇམ་པོའི་དྲོ་སྐྱིད་འོག ང་ཚོས་ཤིང་འཛུགས་དུས་ཆེན་ཐེངས་45པ་དེ་བསུས་ཡོད།
ལོ་ངོ་བཅུའི་རིང་། ལོ་ལྟར་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་གནང་བ་དང་། རྒྱལ་ནང་གི་ས་ཕྱོགས་གང་སར་རྟོག་ཞིབ་ཏུ་ཕེབས་སྐབས་ནགས་ཚལ་དང་། རྩྭ་ཐང་། འདམ་ར་སོགས་སུ་ཐེངས་མང་ཕེབས་ནས་རྩྭ་རྩི་ཤིང་ལ་ལྷག་ཏུ་ཐུགས་ཁུར་གནང་ཡོད། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མཁྱེན་རྟོགས་གནང་སྐབས་བཀོད་སྒྲིག་གལ་ཆེན་ཐེངས་མང་གནང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྔམ་བརྗིད་ལྡན་པའི་ཁས་ལེན་གནང་སྟེ་འབད་པ་ཆེན་པོས་མིའི་རིགས་དང་རང་བྱུང་ཁམས་གཉིས་ཞི་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་གནང་མཛད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་བར་ཕྱི་གསུམ་དུ་རྒྱལ་ཁོངས་ས་ཆའི་ལྗང་འགྱུར་བྱ་གཞག་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ལ། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྣེ་ཁྲིད་ཀྱང་གནང་ཡོད།
ཤིང་འཛུགས་ནགས་གསོས་བཏབ་པ་ནི་ལྗང་མདོག་གི་ལྕང་སོན་རེད་ལ། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་རེད།

ཡུང་ཏིང་ཆུ་བོའི་འདབས་སུ། དཔྱིད་ཀྱི་དཔལ་ཡོན་བཞད། སྤྱི་ལོ་2013ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་དེ་གར་བཏབ་གནང་བའི་ལྕང་མ་དེ་ད་ཆ་ཡལ་འདབ་རྒྱས་ནས་སྡོང་རྒན་ཆེན་པོ་ཞིག་ཏུ་གྱུར་ཡོད།
ལོ་ངོ་བཅུའི་རིང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་སྣེ་ཁྲིད་གནང་སྟེ་ཤིང་འཛུགས་གནང་བ་དང་། དོན་ངོ་མའི་བྱ་སྤྱོད་ཐོག་ནས་ལོ་རེ་ནས་ལོ་རེ་དང་མི་རབས་ནས་མི་རབས་བར་བསྒྲུབ་དགོས་པའི་བདེན་དོན་དེ་ལག་ལེན་བསྟར་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ། ལྗང་མདོག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོའི་གཞི་མདངས་དངོས་དེ་རེད། ཤིང་འཛུགས་ནགས་གསོས་བཏབ་པ་ནི་ལྗང་མདོག་གི་ལྕང་སོན་རེད་ལ། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་རེད།
ལོ་ལྟར་ཤིང་འཛུགས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅིས་ཞིབ་ཅིང་ཕྲ་བའི་བླང་བྱ་བཏོན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་ཟུག་ཅིང་། མི་དམངས་དུང་ཕྱུར་མང་པོའི་ཤིང་འཛུགས་ནགས་གསོའི་གོམ་སྟབས་སྔར་བས་བརྟན་དུ་སོང་བས་མེས་རྒྱལ་གྱི་ཡངས་པའི་ས་གཞིར་ལྗང་མདོག་གི་གསོན་ཤུགས་རབ་ཏུ་རྒྱས་ཡོད།

རྒྱལ་ཁོངས་ས་ཆའི་ལྗང་འགྱུར་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཉིད་ད་ཆ་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་ཡོད།
སྔོན་ལ་ས་ཆ་ལྗང་འགྱུར་དང་དེ་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ནི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་འདུ་ཤེས་གསར་པ་ཞིག་རེད། སྤྱི་ལོ་2017ལོའི་ཟླ་བ་11པའི་ཚེས་13ཉིན། སྟོང་ལོའི་ནགས་གསོའི་ལྕང་མའི་སྡོང་རྐང་དང་པོ་དེ་དང་ནགས་ར་དང་པོ་དེ་ས་ཆ་ཨང་དགུ་པའི་ཐོག་མངོན་འགྱུར་བྱེད་འགོ་ཚུགས་ཡོད།
སྤྱི་ལོ་2019ལོའི་ཟླ་1པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་རིང་། ས་ཚིགས་སྟེགས་བུའི་ཐོག་ནས་རྒྱང་གཟིགས་གནང་སྐབས། ཁོང་གིས་རླུང་གི་ལྡང་ཕྱོགས་སུ་གཡོ་བའི་ལྕང་སོན་ཆུང་ཆུང་ཞིག་ལ་གཟིགས་ཏེ། དགའ་སྤྲོ་ཆེན་པོས། ཞུང་ཨན་ཁུལ་གསར་གྱིས་འདི་ལྟའི་འབྱུང་ཁམས་ཁོར་ཡུག་ལ་བརྟེན་ནས་རིན་ཐང་མངོན་པ་དང་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་དགོས་ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་བཏང་བར། ད་ཆ། ཞུང་ཨན་ཁུལ་གསར་དུ་ནགས་ཚལ་ཁེབས་ཚད་བརྒྱ་ཆ་34ཟིན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
འཕྲིན་སྟེགས། weikangba