ཞི་ཅིན་ཕིང་གིས“དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས་སྙིང་སྟོབས་ཆེར་བསྐྱེད་དང་མཐུན་སྒྲིལ་འབད་འཐབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས་ཞེས་བསྟན། ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།

འདི་ནི་ཟླ9པའི་ཚེས27ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅེ། ཧན་ཀྲིན་བཅས་ཀྱིས་པེ་ཅིང་འགྲེམས་སྟོན་ཁང་དུ“དུས་རབས་གསར་བར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་ཉེར་ཡོད་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས“དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཡུན་རིང་བོར་ཐག་གཅོད་ཐུབ་མེད་པའི་དཀའ་གནད་མང་པོ་བསལ་བ་དང་ཕུགས་ཕན་དགེ་མཚན་ལྡན་པའི་དོན་ཆེན་གལ་ཆེན་མང་པོ་བསྒྲུབས་ནས། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཚོད་བགམ་ཐེག་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་ཆེད་སྔར་བས་འཐུས་སྒོ་ཚང་བའི་ལམ་ལུགས་དང་སྔར་བས་སྲ་བརྟན་གྱི་དངོས་པོའི་རྨང་གཞི། སྔར་བས་རང་འགུལ་གྱི་བསམ་པའི་སྙིང་སྟོབས་འདོན་སྤྲོད་བྱས་ཡོད། ལོ10ཡི་རིང་གི་འཐབ་ཇུས་རང་བཞིན་གྱི་བྱ་ཐབས་དང་བསྒྱུར་བཅོས་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ལོ10ཡི་རིང་གི་རླབས་ཆེན་འཕོ་འགྱུར་དེ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་དྲིལ་བསྒྲགས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་རྒྱུར་སྐུལ་ལྕག་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་དགོས།

འདི་ནི་ཟླ9པའི་ཚེས27ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅེ། ཧན་ཀྲིན་བཅས་ཀྱིས་པེ་ཅིང་འགྲེམས་སྟོན་ཁང་དུ“དུས་རབས་གསར་བར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བའི་ཚུལ་རེད།
ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
ཕྱི་དྲོའི་ཆུ་ཚོད3དང་སྐར་མ45ཡི་ཐོག ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་། འགྲེམས་སྟོན་གྱིས“དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གཙོ་རྐང་དུ་བྱས་ཤིང་། དུས་རབས་གསར་པའི་ལོ་ངོ10ཡི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང་རླབས་ཆེན་གྱི་འཕོ་འགྱུར་ལ་དམིགས་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པར་མ་ཟད། འཕོ་འགྱུར་རྒྱབ་ཀྱི་སྟོབས་ཤུགས་དང་འགུལ་ནུས་ཀྱང་མངོན་པར་བྱས་ཡོད་ལ། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་མཛུབ་ཁྲིད་མངོན་པར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་རྩེ་གཅིག་གིས་ལས་སྒྲུབ་ལས་གཏོད་བྱས་པའི་རྣམ་པ་བཟང་བོ་ཡང་མངོན་པར་བྱས་ཡོད། འགྲེམས་སྟོན་ལ་སྔོན་འགྲོའི་ཚོམས་ཆེན་དང་། ཀྲུང་དབྱང་གི་ཕྱོགས་བསྡུས་འགྲེམས་ཁུལ། ས་གནས་ཀྱི་འགྲེམས་ཁུལ། རྒྱང་ལྟའི་འགྲེམས་ཁུལ། ཕྱི་རོལ་གྱི་འགྲེམས་ཁུལ། མཉམ་འགུལ་འགྲེམས་ཁུལ་བཅས་འགྲེམས་ཁུལ6ཡོད་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3ལྷག་ཡོད། པར་རིས་དང་དངོས་རྫས། དཔེ་དབྱིབས་སོགས་འགྲེམས་སྟོན་གྱི་རྒྱུ་རྐྱེན་གཙོ་བོ6000ལྷག་སྤྱད་དེ་ཟུར་ཚད་སྣ་མང་ཡིན་ལ་ནང་དོན་ཕུན་སུམ་ཚོགས་པ་ཡོད།
རང་རྒྱལ་གྱི་ཚན་རྩལ་ཆུ་ཚད་དང་བཟོ་སྐྲུན་ནུས་པ་ཆེ་རུ་ཕྱིན་པ་མངོན་པའི་རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་འགག་རྩའི་ཐོན་རྫས་ཀྱི་དངོས་རྫས་དང་དཔེ་དབྱིབས། བྱས་རྗེས་མཚན་སྙན་གཟེངས་བསྟོད་མ་ལག་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་གྱུར་པ་མཚོན་པའི་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་རྟགས་མ། རྒྱལ་ཁབ་རིམ་པའི་དཔེ་སྐྲུན་རྣམ་གྲངས་གལ་ཆེན《བསྐྱར་དར་རིག་མཛོད》། དབུལ་ཐར་འགག་སྒྲོལ་དང་པྲོག་གསར་གློ་ཚད་འགོག་རྒོལ་གྱི་ལོ་རྒྱུས་འཕེལ་རིམ་གསོན་ཉམས་ལྡན་པའི་ངང་མཚོན་པའི་དངོས་རྫས་དང་དཔེ་རིས། པར་རིས། “གཞི་རྩ་ལྔའི”མཐུན་སྦྱོར་གྱི་མཁའ་དབྱིངས་དང་ས་གཞི་གཞི་གཅིག་ཅན་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་གི་བྱེ་སྡེར། གོ་མཚོན་སྒྲིག་ཆས་ཀྱི་དཔེ་དབྱིབས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ནང་དོན་ཟབ་མོ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་གི་གྲུབ་འབྲས་མངོན་པའི་འགྲེམས་པང་དང་དངོས་པོ། ཅིན་ཅིང་ཅི་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་ལངས་གཟུགས་གློག་རྡུལ་ས་བཀྲ། འཆར་འགོད་འཛུགས་སྐྲུན་དང་འཁོར་ལམ་འགྲིམ་འགྲུལ། ཚན་རྩལ་གསར་གཏོད་སོགས་ཐད་ཀྱི་བཀྲག་མདངས་མཚེར་བའི་གྲུབ་འབྲས་མངོན་པའི་ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་མོ་ཁུལ་གྱི་བྱེ་གཞོང་སོགས་དངོས་པོའི་དཔེ་དབྱིབས་རེ་རེ་དང་གསོན་ཉམས་དོད་པའི་བརྙན་རིས་རེ་རེ། པར་རིས་དང་དཔེ་རིས་རེ་རེས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད། ཁོང་ཚོས་དུས་ངེས་མེད་དུ་ཕེབས་མཚམས་བཞག་ནས་ལྟ་གཟིགས་བྱེད་པ་དང་འགྲེལ་བཤད་ལ་ཉན་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།