ཞི་ཅིན་ཕིང་པ་ལི་གླིང་ཕྲན་དུ་ཕེབས་ནས་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས།

2022-12-12
6079

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་ནས་པེ་ཅིང་དང་ཁ་གྱེས་ཏེ། གདན་ཞུ་ལྟར་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ཕེབས་ནས་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས། 

༡.jpg

ས་གནས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་ནས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་གྱི་ནུའོ་ལ་ལའེ་དབྱི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་།  གདན་ཞུ་ལྟར་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་གཉིས་གནམ་གྲུ་ནས་འབབ་པའི་ཚུལ་རེད།

འཚམ་འདྲི་ཕེབས་རོགས་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕིང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་སྲིད་ཨུ་ཡོན་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧོ་ལི་ཧྥིན་སོགས་ཡོད།

ས་གནས་དེའི་དུས་ཚོད་ཚེས14ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་བསྡད་པའི་ཆེད་གཏོང་གནམ་གྲུ་པ་ལི་གླིང་ཕྲན་གྱི་ནུའོ་ལ་ལའེ་དབྱི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་མཉམ་ལས་སྣེ་ཁྲིད་མཁན་དང་རྒྱ་མཚོ་དང་དངུལ་གཏོང་སྤྱི་འདོམས་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི། པ་ལི་ཞིང་ཆེན་གྱི་ཧྲིན་ཀྲང་ཁའོ་སི་ཐི་སོགས་མཐོ་རིམ་དཔོན་པོས་གནམ་གྲུ་འབབ་ཐང་ནས་སྤྲོ་སེམས་འཁོལ་བའི་བསུ་མ་བྱས། གུས་དམག་རྣམས་ཀྱིས་ས་གདན་དམར་པོའི་འགྲམ་གཉིས་སུ་གུས་འདུད་ཞུས་ཤིང་། ལུས་ལ་མི་རིགས་ཀྱི་རྒྱན་གོས་གྱོན་པའི་ས་གནས་ན་གཞོན་རྣམས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་སྲོལ་རྒྱུན་རོལ་ཆ་བཟུང་ནས་དཀྲོལ་རྡུང་བྱས་པ་དང་། ཧིན་རྡུ་ཉི་ཞི་ཡའི་ན་གཞོན་བུ་མོས་པ་ལི་གླིང་ཕྲན་གྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་ལ། ས་གནས་སློབ་མ་རྣམས་ཀྱིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཟུང་ནས་རྒྱ་སྐད་ཀྱིས“དགའ་བསུ་དགའ་བསུ”ཞེས་དགའ་འབོད་བྱས། 

༢.jpg

ས་གནས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་ནས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་གྱི་ནུའོ་ལ་ལའེ་དབྱི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་།  གདན་ཞུ་ལྟར་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་གཉིས་ལ་གནམ་ཐང་དུ་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་མཉམ་ལས་སྣེ་ཁྲིད་མཁན་དང་རྒྱ་མཚོ་དང་དངུལ་གཏོང་སྤྱི་འདོམས་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི། པ་ལི་ཞིང་ཆེན་གྱི་ཧྲིན་ཀྲང་ཁའོ་སི་ཐི་སོགས་ཀྱིས་བསུ་མ་བྱེད་བཞིན་པའི་ཚུལ་རེད།

ཕེབས་རོགས་དག་ཀྱང་གནམ་གྲུར་བསྡད་ནས་མཉམ་དུ་འབྱོར།

ཧིན་རྡུ་ཉི་ཞི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཕོ་ཉ་ལུའུ་ཁང་ཡང་གནམ་ཐང་དུ་ཕེབས་ནས་བསུ་མ་བྱས།

ཞི་ཅིན་ཕིང་བཟའ་ཟླ་གཉིས་གནམ་ཐང་ནས་བཞུགས་ཤག་མགྲོན་ཁང་བར་གྱི་གཞུང་ལམ་འགྲམ་གཉིས་སུ། ས་གནས་མང་ཚོགས་མང་པོ་ཞིག་རང་འགུལ་ངང་ལྷན་གཅིག་ཏུ་འཛོམས་ནས། རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ཞོར་དུ། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་འཚམ་འདྲི་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། 

  • 顶