ཞི་ཅིན་ཕིང་བཟའ་ཟླ་གཉིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཀྱི་ཕེབས་བསུ་དགོང་ཚོགས་ལ་ཞུགས་པ།

2022-12-12
6347

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཧིན་རྡུ་ཉི་ཞི་ཡ་པ་ལི་གླིང་ཕྲན་དུ་བསྡུས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དབུ་ཚོགས་ཀྱི་ཕེབས་བསུ་དགོང་ཚོགས་ལ་ཞུགས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་བཟའ་ཟླ་གཉིས་དགོང་ཚོགས་ཀྱི་སྔོན་ལ་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཙའོ་ཁི་བཟའ་ཟླ་དང་ལྷན་དུ་མཉམ་པར་བསྐྱོན་པའི་རྣམ་པ་རེད། 

  • 顶