ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏི་རུ་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་སུའུ་ཏན་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་པོ་དང་ཕུ་ནུ་བཟང་པོ་ཡིན། ཀྲུང་གོས་སུའུ་ཏན་གྱི་ཕྱོགས་སོ་སོའི་བར་གྲོས་མོལ་བྱས་པ་བརྒྱུད་ནས་ཆབ་སྲིད་བར་བརྒལ་བརྟན་པོའི་ངང་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སུའུ་ཏན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ནས། རྒྱལ་སྤྱིའི་སྟེང་མུ་མཐུད་སུའུ་ཏན་གྱི་གྲོགས་པོ་ཚོར་བདེན་འཛིན་དྲང་གཏམ་བརྗོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་གྱི་འཕེལ་རྒྱས་ལ་རང་གི་ནུས་ཚོད་ཀྱིས་མུ་མཐུད་རོགས་རམ་བྱས་ནས། རྡོ་སྣུམ་དང་ཞིང་ལས། གཏེར་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱས་ཏེ། སྟོབས་ཤུགས་དངོས་ལྡན་པའི་ཀྲུང་གོའི་ཁེ་ལས་སུའུ་ཏན་གྱི་འཛུགས་སྐྲུན་ལས་གཞིའི་ཁྲོད་ཞུགས་རྒྱུར་སྐུལ་ལྕག་བཏང་སྟེ། སུའུ་ཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་དང་བཅས་པའི་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལསགཏིང་ཟབ་ཏུ་གཏོང་བ་དང་རྒྱ་ཆེར་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ཚོགས་རར་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་གསུངས།
པུའུ་ཨར་ཧན་གྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མུར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུས། ཁོས་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྔར་ལས་སྲ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་སུའུ་ཏན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ངས་སུའུ་ཏན་སྲིད་གཞུང་དང་སུའུ་ཏན་མི་དམངས་ཀྱི་ཚབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་ཡིན། སུའུ་ཏན་ཕྱོགས་ཀྱིས་ཀྲུང་གོས་རང་སྟེང་གི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་གཞི་གལ་ཆེན་ཚང་མར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། སུའུ་ཏན་ཕྱོགས་ཀྱིས་ཅང་སུའུ་དབུས་རྒྱུད་ཀྱི་འབྲེལ་བ་དང་དེ་བཞིན་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་སྤྱི་ཡོངས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་བསྟན།
ཏིན་ཞུའེ་ཞང་དང་ཝང་དབྱི། ཧི་ལིས་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།
འཕྲིན་སྟེགས། weikangba