སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་མཇུག་རྫོགས་ཏེ། ཞིང་ཆེན་དང་ས་ཁུལ་རིམ་པའི་བོད་ཁུལ་གྱི་རྣམ་པ་གསར་བ་ངོམས།

2016-08-12
100

  ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ཁམས་དར་མདོ་ནས་འཚོགས་ཤིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་ཡོན་ནན་བདེ་ཆེན་ཁུལ། བོད་ལྗོངས་ཆབ་མདོ་ས་ཁུལ་དང་མཚོ་སྔོན་ཡུལ་ཤུལ་ས་ཁུལ་སོགས་ཀྱི་བོད་རིགས་སྤུན་ཟླ་གང་མང་མཛའ་གཞས་ཀྱི་དོ་ར་འདི་རུ་མཉམ་དུ་འཛོམས་ལ། སྐབས་འདིའི་སྒྱུ་རྩལ་དུས་སྟོན་གྱི་དགའ་སྦྲོའི་རོལ་དབྱངས་ལྷན་དུ་དཀྲོལ།

 

  རང་རིགས་སྤུན་ཟླས་ཞབས་བྲོའི་སྟངས་སྟབས་ངོམས་པ། 

 

  ཁམས་པའི་སྒྱུ་རྩལ་དུས་སྟོན་གྱི་དར་ཆ་བརྗེ་ལེན་བྱེད་པ།  

  ཤེས་གསལ་གྱི་གནས་ཚུལ་ལྟར་ན། ༡༩༩༤ལོར་སྒྱུ་རྩལ་དུས་སྟོན་འདི་མགོ་ཚུགས་པ་ནས་སྔ་ཕྱིར་སི་ཁྲོན་དཀར་མཛེས་དང་ཡོན་ནན་བདེ་ཆེན། མཚོ་སྔོན་ཡུལ་ཤུལ་ས་ཁུལ་སོགས་ནས་རེས་མོ་ངང་སྤེལ་ཞིང་ད་བར་དུ་སྐབས་དགུ་ཟིན་ཡོད་ལ། དུས་སྟོན་འདི་ཡང་ཁམས་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་སྤེལ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་འཇགས་སོགས་ལ་ཡར་སྐྱེད་སྟོབ་ནུས་པའི་ཚོགས་ཆེན་ཞིག་ཏུ་གྲུབ། དེ་ཡང་། ཁྲུང་ཆེན་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས། ཁམས་པའི་སྒྱུ་རྩལ་དུས་སྟོན་གྱིས་གེ་སར་རིག་གནས་དང་སྐོར་བྲོའི་རིགས་གནས་སོགས། ཁམས་ཕྱོགས་ཀྱི་རིག་གནས་འདྲ་མིན་ཞིག་རེ་རེ་ནས་ཚང་མའི་མིག་ལམ་དུ་མངོན་པར་དོན་སྙིང་ལྡན་ནོ་ཞེས་ལབ་ཅིང་། ཁམས་པའི་རིག་གནས་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཡོན་ཏན་ལ་ཡིད་ནས་བསྟད།

 མཇུག་སྒྲིལ་དགུང་ཚོགས་ཀྱི་འཁྲབ་སྟོན་པའི་འགྱིང་ཉམས།

  གཞན་ཡང་། ཚོགས་ཆེན་བཀོད་སྒྲིག་པའི་བསྒྲགས་པའི་གནས་ཚུལ་ནི། ཟླ་འདིའི་ཚེས་བཅུ་དྲུག་ནས་བཅོ་བརྒྱད་ལ་དཀར་མཛེས་འདབ་པ་རྫོང་ནས་ཡང་། འདབ་པའི་ཉི་སྟེང་གི་དབྱར་ཟླའམ་ཉི་སྟེང་གི་སྟོན་ཚུགས་དུས་སྟོན་ཟེར་བ་ཞིག་སྤེལ་དགོས་པ་སྨྲས།

     

  • 顶