སྦྲ་གུར་ནང་གི་རིག་གནས།

2016-07-31
249

    ཟླ་བ་བདུན་པའི་ཚེས་སུམ་ཅུའི་ཉིན། ཁམས་པའི་སྒྱུ་རྩལ་འདུ་ཚོགས་སྐབས་དགུ་པའི་ཡན་ལག་ཚོགས་རའི་བྱེད་སྒོ་སྟེ། སེར་ཤུལ་སྦྲ་གུར་སྒྱུ་རྩལ་འདུ་ཚོགས་དངོས་སུ་འཚོག་འགོ་བརྩམས། ཡུལ་དངོས་ཀྱི་གསར་འགོད་པ་དང་ལྷན་དུ་སྦྲ་གུར་སྒྱུ་རྩལ་འདུ་ཚོགས་ཀྱི་ལྟད་མོ་མང་པོ་ལ་ལྟ་སར་ཅིག་འགྲོ།  

  སྲོལ་རྒྱུན་གྱི་སྦྲ་ནག་དེ་དག་འདུ་འཛི་ཆེ་བའི་རྩྭ་ཐང་ཐོག་ཕུབ་ཡོད་པ་ནི་བརྗིད་ཆགས་པོ་འདུག འདི་ནི་སྦྲ་གུར་འདུ་ཚོགས་ཀྱིས་ཆེད་དུ་སྒྲིག་བཀོད་བྱས་པའི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་ཁང་ཡིན། གཙོ་བོ་ཐང་ག་དང་ཡིག་གཟུགས། རྡོ་བརྐོས་སོགས་ལོ་སྟོང་ལ་འཛིན་སྐྱོང་སྤེལ་གསུམ་བྱས་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འགྲེམས་སྟོན་བྱས་ནས། མཐོ་སྒང་གི་འཕོ་འགྱུར་གསལ་པོར་མཚོན་ཡོད་པ་རེད། ཐང་གའི་འགྲེམས་སྟོན་ཁང་དུ། ལྷ་བཟོ་བ་བརྒྱ་ཕྲག་གིས་ལོ་མང་པོའི་རིང་ལ་བཞེངས་པའི་གླིང་གེ་སར་གྱི་ཐང་ག་ཆེན་མོའི་ནང་བརྩམས་ཆས་ཁ་ཤས་འགྲེམས་སྟོན་བྱས་པ་དེ་དག་ངོ་མཚར་རྨད་དུ་བྱུང་བ་ཡིན། ཞིན་ཧ་གསར་འགྱུར་ཁང་གི་གསར་འགོད་པ་ཡང་ཐང་ག་འདི་དག་ལ་ཧ་ལས་ཡོད་པ་རེད།

    ལོ་ངོ་སྟོང་གི་ནང་། བོད་མི་རིགས་གཡག་རྒྱབ་ཁྱིམ་གཞིས་ཏེ་སྦྲ་གུར་ནང་བསྡད་དེ། རྩྭ་ཆུ་ལ་བརྟེན་ནས་ཕྱུགས་ཟོག་བསྐྱངས་ཤིང་འཚོ་བ་རོལ། ཡིན་ནའང་འདི་ལྟ་བའི་རྒྱབ་ལྗོངས་འོག ཁྱད་དུ་འཕགས་པའི་བོད་ཀྱི་རིག་གནས་ད་ལྟའི་བར་དུ་རྒྱུན་འཛིན་ཐུབ་པ་ནི། ཁྱིམ་གཞིས་གང་དུ་ཡོད་ན་རིག་གནས་དེ་རུ་ཡོད་པས་ཡིན་ནོ།

  • 顶