སྐབས་གཉིས་པའི་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་གཏོང་འགོ་ཚུགས།

2016-08-21
147

དཔའ་ཤོད་རྫོང་གི་གདོད་མའི་ཞབས་བྲོ། 

  སྤྱི་ཟླ ༨ པའི་ཚེས ༡༩ ཉིན་སྔ་དྲོ། ༼སྟོང་ལོའི་གནའ་ཉམས། འབྱུང་འཕྲོད་ཆབ་མདོ༽ཞེས་པའི་བརྗོད་དོན་གཙོ་བོའི་སྐབས་གཉིས་པའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ།  ཆབ་མདོ་གྲོང་ཁྱེར་གྱི་ལུས་རྩལ་རིག་གནས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས། 

  འགོ་ཚུགས་མཛད་སྒོའི་ཐོག་གྲོང་ཁྱེར་རིམ་པ་ཡན་གྱི་དབུ་ཁྲིད་དང་སྐུ་མགྲོན། ཟི་ཁྲོན་དང་ཡུན་ནན། བོད་ལྗོངས།  མཚོ་སྔོན་སོགས་ཀྱི་གྲོང་སྤྱི་དང་རང་སྐྱོང་ཁུལ་གྱི་འགོ་འཛིན། ལས་རིགས་ཁག་གི་འཐུས་མི། གཟིགས་མོ་བ་བཅས་མི་གྲངས ༥༠༠༠ ཙམ་ཞུགས་ཡོད་པ་དང་།  ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ནས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་གནང་། ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་མཛད་སྒོ་དེ་སྤྱི་ཚེས ༡༩ ཉིན་ནས ༢༥ བར་འཚོག་རྒྱུ་ཡིན་པ་དང་།  དེའི་རིང་གནའ་ལམ་གྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་དང་ཚོང་འགུགས་མ་འདྲེན་གྲོས་ཚོགས།  ཆེད་དོན་གྱི་རིག་རྩལ་འཁྲབ་སྟོན།  སྐབས་དང་པོའི་ཀརྨ་སྒར་བྲིས་ཀྱི་ཐང་གའི་ཞིབ་འཇུག་བགྲོ་གླེང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

མི་སྟོང་གི་སྐོར་བྲོ་ཆེ་གྲས། 

ཞིང་འབྲོག་མང་ཚོགས་ཀྱི་རུ་སྟར་གྲུ་བཞིས་ཀྲུའུ་ཞི་སྟེགས་བུའི་མདུན་ནས་བསྐྱོད་པའི་རྣམ་པ། 

སྟེང་ཆེན་རྫོང་གི་རུ་སྟར་གྲུ་བཞིས་ཀྲུའུ་ཞི་སྟེགས་བུའི་མདུན་ནས་བསྐྱོད། 

བྲག་གཡབ་རྫོང་།

  • 顶