ལྷ་སའི་གནམ་གྲུའི་སྤ་སའི་གོང་ཚད་དམའ་མོར་ཆག་འདུག

2026-10-16
259

རྒྱལ་སྟོན་དུས་ཆེན་གྱི་གུང་སེང་མཇུག་རྫོགས་པ་དང་བསྟུན་ནས། ལོ་གཅིག་དུས་གཅིག་གི་གནམ་གྲུའི་སྤ་སའི་གོང་ཚད་ཆེན་པོ་ཆག་པའི་དུས་ལ་སླེབས། གལ་ཏེ་ཁྱེད་རང་དུས་ཡུན་རིང་པོར་ལྷ་སར་འགྲོ་འདོད་ཡོད་ཀྱང་། ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་གོང་ཚད་མཐོ་བ་དང་མི་ཚོགས་མང་བའི་རྐྱེན་གྱིས་ཕྱིར་བཤོལ་བྱས་ཡོད་ན། ད་ནས་བཟུང་ཟླ་བ་འགའི་རིང་ནི་ལྷ་སར་འགྲོ་བའི་གོ་སྐབས་ཡག་ཤོས་ཡིན་སྲིད།

དགུན་ཁའི་ཡུལ་སྐོར་སྲིད་ཇུས་ཀྱང་བཏོན་ཡོད།

    འགོ་འཛུགས་སའི་གྲོང་ཁྱེར་གཙོ་བོ་ཁག་གཅིག་དཔེར་བླངས་ན། ཞི་ཨན་ནས་ལྷ་སར་འཕུར་བའི་བོད་ལྗོངས་མཁའ་འགྲུལ་གྱི་མདོ་ཚང་གི་རིན་གོང་སྒོར་529ཡིན་པ་དང་། ཁུན་མིང་ནས་ལྷ་སར་སྒོར་499ཡིན། ཁྲང་ཆིང་ནས་ལྷ་སར་སྒོར་409ཡིན་ལ། ཟླ་བདུན་པ་དང་བརྒྱད་པའི་ཡུལ་སྐོར་བ་མང་བའི་དུས་སུ་ལྷ་ས་གྲོང་ཁྱེར་དུ་ཐད་ཀར་འཕུར་བའི་གོང་ཚད་ཕལ་ཆེ་བ་སྒོར་1800ལྷག་ཡིན། སྤྱིའི་ཆ་ནས་བཤད་ན། ཡུལ་སྐོར་བ་ཉུང་བའི་དུས་ཚོད་ཀྱི་གོང་ཚད་ནི་ཡུལ་སྐོར་བ་མང་བའི་དུས་ལས་ཆེས་ཆེར་དམའ་བ་ཡོད།

དེ་ལས་ཀྱང་གལ་ཆེ་བ་ནི། ལོ་གཅིག་དུས་གཅིག་གི“དགུན་དུས་བོད་ལྗོངས་སྐོར་བའི་”བྱེད་སྒོ་འགོ་ཚུགས་ལ་ཉེ།

   “དགུན་དུས་བོད་ལྗོངས་སྐོར་བའི་”གཟིགས་སྐྱོང་བྱེད་སྒོ་ཐེངས་དགུ་པ་དེ་2026ལོའི་ཟླ་10ཚེས་15ཉིན་དངོས་སུ་འགོ་ཚུགས་རྒྱུ་ཡིན་པ་དང་། 2027ལོའི་ཟླ་3ཚེས་15ཉིན་བར་ཟླ་ལྔའི་རིང་ལ་སྤེལ་རྒྱུ་ཡིན། སྲིད་ཇུས་ཀྱི་གཟིགས་སྐྱོང་ཤུགས་

    ཚད་ཧ་ཅང་ཆེ་སྟེ། དགོན་སྡེའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་ཕུད། ལྗོངས་ཡོངས་ཀྱི་Aརིམ་པ་ཡན་གྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་ཚང་མའི་སྒོ་འཛིན་རིན་གོང་རྩ་ཆག་གཏོང་རྒྱུ་རེད།


  • 顶