དམར་དམག་ལུང་པ།

2026-09-24
461

གནས་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པདྨ་རྫོང་རེད། 

བར་སྣང་ནས་མར་བལྟས་ཚེ། ནགས་ཚལ་སྟུག་པོའི་ཀློང་གི་ཡ་འཛི་ལུང་པ་ནི།

ཡུལ་མི་རྣམས་ཀྱིས་དམར་དམག་ལུང་པ་ཞེས་སུ་འབོད།

སྤྱི་ལོ1936ལོའི་ཟླ7པར།

ཀྲུང་གོ་གུང་ཁྲན་ཏང་གི་བཟོ་ཞིང་དམར་དམག་ཕྱོགས་ཁག་གཉིས་པ་དང་བཞི་པའི་དཔུང་སྡེའི་དམག་མི་སུམ་ཁྲི་ལྷག

སི་ཁྲོན་གསེར་རྟའི་ཕྱོགས་ནས་པདྨ་རྫོང་ཁོངས་སུ་ཐོན་པ་རེད།

གནས་འདི་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་མྱོང་བའི་ས་ཆ་གཅིག་པུ་དེ་ཡིན།

དམར་དམག་གིས་གནས་འདིར་ངལ་གསོ་དང་། འབྲུ་རིགས་གྲབས་གསོག གསར་བརྗེ་དྲིལ་སྒྲོག་བཅས་ཀྱི་ལས་དོན་སྤེལ།

བྲག་ངོས་སུ་གསར་བརྗེའི་འབོད་ཚིག་བརྐོས་ཏེ། 

བོད་རིགས་སྤུན་ཟླའི་སེམས་སུ་གསར་བརྗེའི་ས་བོན་བཏབ་པ་རེད།

ལོ་ངོ་དགུ་བཅུའི་ཁ་ཆར་བུ་ཡུག་ཁྲོད། རི་ཀླུང་དང་ལམ་ཆེན་ནི་སྔར་བཞིན་འགྱུར་མེད་དུ་གནས་ཡོད།

དེ་རིང་གི་དམར་དམག་ལུང་པ་ནི།

རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་ཞིག་ཏུ་གྱུར་ཡོད།

དམར་དམག་བསིལ་ཁང་དང་དམར་དམག་ཟམ་པ། དམར་དམག་གི་བང་སོའི་རྡོ་རིང་སོགས།

རི་ཚོགས་ཀྱི་དབུས་སུ་བརྟན་བརླིང་ངང་ཀྲོང་ངེར་འགྱིང་ཡོད།

གནས་འདིའི་རི་ཀླུང་གི་ནགས་ཚལ་སྔོ་ཞིང་ལྗང་ལ། གསར་བརྗེའི་སྙིང་སྟོབས་བརྟན་ཞིང་བརླིང་།

སྤྱི་ལོ2026ནི།

ཀྲུང་གོ་གུང་ཁྲན་ཏང་གི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དགུ་བཅུ་འཁོར་བའི་ལོ་ཡིན།

པདྨ་རྫོང་དུ། དམར་དམག་རྒྱང་སྐྱོད་ནི་རྒྱང་རིང་དུ་ཡལ་བའི་གཏམ་རྒྱུད་ཅིག་མ་ཡིན་པར།

གཞོན་སྐྱེས་རྣམས་ཀྱིས་རྒྱང་བསྐྱོད་ལམ་ལ་བསྐྱར་དུ་བགྲོད་སྐབས།

རྐང་པ་སྤོ་སའི་ས་ཡི་ཆ་ཤས་རེ་རེ་ནི།

གངས་ལྗོངས་མཐོ་སྒང་འདིའི་སྟེང་དུ་ནམ་ཡང་ཉམས་པ་མེད་པའི་དད་མོས་ཀྱི་འོད་སྣང་དེ་ཡིན།

རི་ཆུ་ནགས་གསུམ་དང་། མི་དམངས་མང་ཚོགས་ཀྱིས་ནམ་ཡང་གསལ་བོར་རྟོགས་ཡོད་དེ།

རྒྱང་སྐྱོད། ང་ཚོ་ནམ་ཡང་ལམ་ན་ཡོད། །


  • 顶