

ཟླ་9པའི་ཚེས་23ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས། སྐབས་གསར་པའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་བཅས་བདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་། ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལུའོ་ཁྲའོ་ཧྥེང་དང་། ལི་ཡན་ལན། ཞུས་སི་སི། ཀྲུའུ་པའོ་ཧྥུ། ཞུས་ཀོང་ཏེ། དབྱང་ཞུའེ་ཝུན། ཧོང་ལུང་ཞིན། ཞུང་ཝུན་པིན། ལི་ཡུས་ཆོན། དབྱང་ཁའེ། མ་མུའུ། ལིའོ་ཝུན་ཚའེ། སུང་ཆིང་ཡུན། ཧོ་ཡུས་བཅས་ཡིན། ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། 《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འདེམས་བསྐོ་བྱ་ཐབས》ཀྱི་གཏན་འབེབས་ལྟར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲ་སྒྲིག་འདེམས་བསྐོ་བྱས་འབྲས་དང་འཐུས་ཚབ་ཚོགས་པ་ཁག་གིས་ནང་མོལ་བྱས་པའི་གནས་ཚུལ་གཞིར་བཟུང་སྟེ། སྐབས་བཅུ་པའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཨུའི་ཨུ་ཡོན་བཅས་ཀྱི་དངོས་གཞིའི་འདེམ་སྒུག་པའི་མིང་ཐོ་དང་བདེ་ཆེན་ཁུལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མིའི་དངོས་གཞིའི་འདེམ་སྒུག་པའི་མིང་ཐོ་གཏན་འཁེལ་བྱས་ནས། ཐེངས་འདིའི་ཚོགས་ཆེན་ལ་ཕུལ་ནས་དངོས་སུ་འདེམས་བསྐོ་བྱེད། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་སྙན་ཞུ་ལྟར་ན། ཐེངས་འདིའི་ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི་337ཡོད་པ་དང་། དངོས་སུ་མི་329ཡོད་ཅིང་། ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་པས་འདེམས་བསྐོ་བྱེད་ཆོག འདེམས་བསྐོ་དེ་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་བྱ་ཐབས་སྤྱད་དེ་འཐུས་མི་ཚོས་རིམ་བཞིན་འདེམས་ཤོག་བྲིས་ནས་འདེམས་ཤོག་འཕངས། ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་དང་འདེམས་ཤོག་བརྩིས་འབྲས་གཞིར་བཟུང་སྟེ། ཐེངས་འདིའི་ཚོགས་ཆེན་ཐོག་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བདེ་ཆེན་ཁུལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་བཅས་འདེམས་བསྐོ་བྱས་པ་རེད། དེའི་རིང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཨུའི་ཨུ་ཡོན། བདེ་ཆེན་ཁུལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་བཅས་ཀྱི་འདེམས་བསྐོའི་མཇུག་འབྲས་སྐོར་གྱི་སྙན་ཞུར་གསན་པ་རེད། ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཨུའི་ཨུ་ཡོན། བདེ་ཆེན་ཁུལ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་འདེམས་བསྐོའི་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན་ཞིང་། བདམས་ཐོན་བྱུང་བའི་སྐབས་བཅུ་པའི་ཁུལ་ཨུའི་ཨུ་ཡོན་དང་ཁུལ་སྒྲིག་ཨུའི་ཨུ་ཡོན་ཁྲོད་ནས་ཨུ་ཡོན་1རེ་མངགས་བཅོལ་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཁུལ་སྒྲིག་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་བྱེད་དུ་བཅུག་ཡོད།
འཕྲིན་སྟེགས། weikangba