ཟླ་9ཚེས་14ཉིན། མཛོད་དགེ་རྫོང་གིས་2026ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་དང་དྲ་ལམ་ཐེར་འདོན་གྱི་དཀྲོགས་གཏམ་དགག་སློག་གི་དྲིལ་སྒྲོག་བྱེད་སྒོ་སྤེལ། བྱེད་སྒོ་རུ“དྲྭ་རྒྱའི་བདེ་འཇགས་ནི་དམངས་དོན་དུ་གཉེར་བ་དང་མི་དམངས་ལ་བརྟེན་དགོས། རིག་ནུས་དུས་རབས་འདིར་དྲྭ་རྒྱའི་བདེ་འཇགས་ལ་འགན་སྲུང་བྱེད”ཅེས་པ་བརྗོད་གཙོར་བཟུང་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་དྲྭ་རྒྱའི་ཆ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་གྱོད་དཔེ་དབྱེ་ཞིབ་དང་ཡུལ་དངོས་ནས་དོགས་གནད་ལ་འགྲེལ་ལན་བཏབ་པ། སྒྲོག་དེབ་བཀྲམ་པ་སོགས་ཀྱི་ལམ་ནས་མང་ཚོགས་ལ་གློག་འཕྲིན་མགོ་བསྐོར་འགོག་སྲུང་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་ཐབས། ཡ་རབས་ཚུལ་མཐུན་གྱིས་དྲྭ་ལམ་དུ་འཇུག་པའི་དྲྭ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་།

དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བའི་རིང་ལ་མཛོད་དགེ་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་སྒྲོག“འདྲེན་ཡུལ་བདུན”གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས། ལས་ཁུངས་དང་སློབ་གྲྭ། འབྲོག་ཁུལ། ཁེ་ལས་བཅས་སུ་དྲིལ་སྒྲོག་བྱས། མང་ཚོགས་ཀྱི་དྲྭ་རྒྱའི་བདེ་འཇགས་འདུ་ཤེས་ལེགས་པོ་བསྐྱེད་དེ་ཚུལ་མཐུན་གཏམ་བརྗོད་དང་ཤེས་དཔལ་དྲྭ་འཇུག་བྱེད་པར་ཁྲིད་སྟོན་བྱས། མཐོ་སྒང་གི་དྲྭ་རྒྱའི་བར་སྟོང་གཙང་མ་སྲུང་བཞིན་དྲྭ་རྒྱའི་བདེ་འཇགས་འཛིང་རགས་བརྟན་པོ་བསྐྲུན།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
འཕྲིན་སྟེགས། weikangba