རྔ་བ་རྫོང་གིས་2026ལོའི་ལོ་སྨད་ཀྱི་དམག་མི་གསར་བ་དམག་དཔུང་དུ་སྐྱེལ་བའི་མཛད་སྒོ་སྤེལ།

2026-09-16
395

ཟླ་9ཚེས་14ཉིན། རྔ་བ་རྫོང་གིས་དམག་མི་གསར་བ་དམག་དཔུང་དུ་སྐྱེལ་བའི་མཛད་སྒོ་སྤེལ། ན་གཞོན་ཚོས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་འདུན་པ་སེམས་སུ་བཟུང་ནས། རྒྱལ་སྲུང་བདེ་འགོད་ཀྱི་ལམ་བུ་སྙེག རྫོང་གི་མགོ་ཁྲིད་དང་དམག་བསྡུའི་མགོ་ཁྲིད་ཚན་ཆུང་གི་ཚོགས་མི། དམག་འཐབ་ཏུ་ཞུགས་པའི་དམག་མི་རྒན་པ། དམག་ཁོངས་ནས་བུད་པའི་དམག་མིའི་ཚབ་བྱེད་པ། དམག་མི་གསར་བའི་ཁྱིམ་བདག་སོགས་བྱེད་སྒོར་ཞུགས།

    སྐྱེལ་མ་བྱེད་པའི་ཡུལ་དངོས་སུ། རྔ་བ་རྫོང་གཉན་པོ་གཡུ་རྩེའི་རིག་གནས་འཁྲབ་སྟོན་ཚད་ཡོད་འགན་ལེན་ཀུང་སིས་གླུ་ལེན་གར་འཁྲབ་ཀྱི་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་འཁྲབ་སྟོན་བྱས་ཤིང་། དེ་དག་ལས་ཡུལ་མི་ཚོས་ན་གཞོན་གྱི་དམག་མི་ཚོར་ཕུལ་བའི་སྨོན་འདུན་མཚོན་པར་བྱས་ཡོད།

    མཛད་སྒོ་ལས་དམག་མི་གསར་བ་དམག་དཔུང་དུ་ཞུགས་པའི་བཀའ་རྒྱ་སྒྲོག་འདོན་བྱས་ཤིང་། རོལ་མོའི་སྒྲ་དང་འགྲོགས་ནས། དམག་འཐབ་ཏུ་ཞུགས་པའི་དམག་མི་རྒན་པ་དང་དམག་ཁོངས་ནས་བུད་པའི་དམག་མིའི་ཚབ་བྱེད་པས་དམག་མི་གསར་བར་དར་དཔྱངས་དང་གཟི་བརྗིད་མེ་ཏོག་ཕུལ། ན་ཆུང་གདོང་ལེན་རུ་ཁག་གིས་དམག་མི་གསར་བར་མེ་ཏོག་ཕུལ། བྱེད་སྒོར་ཞུགས་པའི་མགོ་ཁྲིད་ཀྱིས་དམག་མི་གསར་བ་དང་དམག་མིའི་ཁྱིམ་བདག་ལ་དམག་དཔུང་དུ་ཞུགས་པའི་བརྡ་སྦྱོར་ཡི་གེ་དང་སློབ་ཆེན་སློབ་མ་དམག་དཔུང་དུ་ཞུགས་པའི་སྐུལ་སློང་དངུལ། ཁྱིམ་མིར་གཟིགས་སྐྱོང་དངུལ་གྱི་བྱ་དགའ། དེ་མིན་དྲན་རྟེན་དངོས་པོ་དང་ཁ་བཏགས་ཕུལ།

    མི་གཅིག་དམག་དཔུང་དུ་ཞུགས་པ་ནི་ཁྱིམ་ཚང་གང་བོའི་གཟི་བརྗིད་ཡིན། དམག་མི་གསར་བ་ཚོས་ཁྱིམ་མིའི་ཁ་ཏ་སེམས་ལ་བཟུང་ནས་རུ་དཔུང་དུ་ཐོན་རྗེས་ཏང་གི་བཀོད་འདོམས་ལ་ཉན་པ་དང་སྦྱོང་བརྡར་ཧུར་ཐག་བྱས་ནས་ཕུལ་བྱུང་གི་རྒྱུགས་འབྲས་ཀྱིས་རྔ་བར་གཟི་བརྗིད་རྩོད་ལེན་བྱ་རྒྱུ་རེད།

    ཐེངས་དེའི་བྱེད་སྒོས་དམག་མི་ལ་བརྩི་བཀུར་དང་། དམག་མིར་དུང་བའི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཡོད། རྗེས་ཕྱོགས་སུ། རྔ་བ་རྫོང་གིས་མུ་མཐུད་དུ་རིགས་སོ་སོའི་ཞབས་ཞུའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དམག་མིར་བཀུར་བའི་འདུ་ཤེས་མི་སེམས་སུ་འཇགས་པར་བྱས་ཏེ། དམག་སྲིད་དང་དམག་མང་མཐིན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དང་རྒྱལ་སྲུང་འཛུགས་སྐྲུན་ཐད་ལ་སྤྱི་ཚོགས་ཧྲིལ་བོའི་ནུས་ཤུགས་མཉམ་འདོན་བྱ་རྒྱུ་རེད།


འཕྲིན་སྤེལ་བ། ཚངས་དབང་ལྷ་མོ།


  • 顶