པར་འདི་ནི་ཟླ8པའི་ཚེས26ཉིན་པར་བླངས་པའི་སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་གྱི་རྣམ་པ་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་འཕྲལ་བསྟུན་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། ཟླ8པའི་ཚེས26ཉིན་སྐྱིད་གྲོང་འགག་སྒོའི་ཉེ་འཁོར་དུ་འདམ་རུད་ཀྱི་གནོད་འཚེ་བྱུང་བ་དང་། ས་གནས་དེས་མི་སྣ་འབྲེལ་བ་ཆད་ཡོད་ཅེས་གསལ་ཞུ་བྱས། རྒྱུས་ལོན་པ་ལྟར་ན། མིག་སྔར་རང་ཕྱོགས་ནས་སྐྱིད་གྲོང་འགག་སྒོ་བར་གྱི་འགྲོ་ལམ་དང་འཕྲིན་གཏོང་། གློག་ཤུགས་བཅས་ཚང་མ་ཆད་པ་རེད།
པར་འདི་ནི་ཟླ8པའི་ཚེས26ཉིན་པར་བླངས་པའི་སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་གྱི་རྣམ་པ་ཡིན།
འཕྲིན་སྟེགས། weikangba