སློབ་མ་འདི་དག་ལ་མི་རེར་སྒོར་ཁྲི་རེ་སྤྲད་འདུག![]()


ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་རྫོང་ཡོངས་ཀྱི་ཕུལ་བྱུང་སློབ་ཆུང་སློབ་ཐོན་སློབ་མ་༤༠ལ་གཅིག་སྡུད་ཐོག་གཟེངས་བསྟོད་བྱ་དགའ་སྤྲད་པ་རེད།

2026ལོའི་མལ་གྲོ་གུང་དཀར་རྫོང་སློབ་ཆུང་གི་སློབ་གསོ་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ་དང་། སློབ་ཆུང་སློབ་ཐོན་སློབ་མས་སླར་ཡང་སྦྱང་འབྲས་གཡུར་དུ་ཟ་བ་བླངས་ནས་སློབ་གསོའི་བྱ་གཞག་ལ་འགག་གྲོལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། རྫོང་ཡོངས་ཀྱི་ཕུལ་བྱུང་སློབ་ཆུང་སློབ་མ་40བོད་ལྗོངས་ནང་སའི་སློབ་འབྲིང་ལ་ཡིག་རྒྱུགས་འཕྲོད་ཅིང་། ཕྱོགས་ཡོངས་ཀྱི་སློབ་རིམ་འཕར་བའི་སྦྱང་འབྲས་ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་གི་མདུན་གྲལ་དུ་བསླེབས་ཡོད་པ་རེད།
རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་གསོར་མཐོང་ཆེན་བྱེད་པ་དང་སློབ་གསོ་དར་སྤེལ་གཏོང་བ། མི་སྣ་གསོ་སྐྱོང་བྱས་ཏེ་དམངས་ལ་ཕན་བདེ་བསྐྲུན་པ་བཅས་ཀྱི་འགྱུར་མེད་ཆོད་སེམས་གང་ལེགས་མངོན་ཆེད། ཕུལ་བྱུང་སློབ་ཐོན་སློབ་མ་40ལ་གཟེངས་བསྟོད་བྱས་པ་ཆབས་ཅིག སློབ་མ་རེར་སྐུལ་ལྕག་བྱ་དགའ་སྒོར་ཁྲི་གཅིག་སྤྲད་པ་རེད།

ཧྲང་ཧའེ་གྲོང་ཁྱེར་ཀུང་ཁང་སློབ་འབྲིང་ལ་ཡིག་རྒྱུགས་འཕྲོད་པའི་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཚེ་རིང་སྐྱིད་ཀྱིས་ཕུལ་བྱུང་སློབ་ཐོན་སློབ་མའི་འཐུས་མི་བྱས་ཏེ་རང་ཉིད་ཀྱི་བསམ་ཚུལ་དང་མ་འོངས་ཀྱི་འཆར་གཞི་གླེང་ཡོད། རང་ཉིད་བོད་ལྗོངས་ནང་སའི་སློབ་འབྲིང་ལ་ཡིག་རྒྱུགས་ལོན་པ་ནི་སློབ་གྲྭའི་གསོ་སྐྱོང་དང་རྒན་ལགས་རྣམས་ཀྱིས་ཉིན་མཚན་མེད་པར་སྐུ་ལས་བསྐྱོན་པ་དང་ཁ་བྲལ་ཐབས་མེད། མ་འོངས་པར་མ་ཡུམ་སློབ་གྲྭའི་ཁ་ཏ་བསླབ་བྱ་བློ་ལ་བརྟན་པོར་ངེས་ཏེ། ཚང་མའི་རེ་བ་ཆུད་ཟོས་མི་གཏོང་བར་སྒྲིག་ལམ་དམ་པོར་སྲུང་བ་དང་སློབ་སྦྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
འཕྲིན་སྟེགས། weikangba