མཛོད་དགེ་བརླན་སའི་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད།

2026-08-27
458

    ཉེ་སྔོན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་སྟོད་མ་གྲོང་ཚོར་གཏེར་རི་བཅོས་སྐྱོང་བྱེད་པའི་ལས་བཟོ་བ་རྣམས་ཀྱིས་རི་ལྡེབས་ཀྱི་ངོས་སུ་སྐུད་གདན་འདིང་བཞིན་ཡོད། མཛོད་དགེ་བརླན་ས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོའི་གསོ་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་ལ། མང་ཆེ་ཤོས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད། 

   ཉེ་བའི་ལོ་ཤས་རིང། ས་གནས་དེའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ལག་བསྟར་བྱས་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་འགྲམ་ངོགས་བརྟན་སྲུང་དང་། གཏེར་རིའི་སྐྱེ་ཁམས་སླར་གསོ་དང་ཆུ་ལམ་ཆུ་རགས་སླར་གསོ། རྩྭ་ས་བྱེ་འགྱུར་སྐྱེ་ཁམས་བཅོས་སྐྱོང་། བརླན་སའི་བརླན་གཤེར་སླར་གསོ་སོགས་བཅོས་སྐྱོང་སླར་གསོའི་ལས་དོན་སྤེལ། མིག་སྔའི་བར་སྐྱེ་ཁམས་སླར་གསོའི་རྒྱ་ཁྱོན་བསྡོམས་པའི་སྤྱི་ཆིང་ཁྲི་23.25ལེགས་གྲུབ་ཟིན་ཡོད།


  • 顶