འབར་ཁམས་གྲོང་ཁྱེར་གྱི་དབང་སྐྱོན་སྔོན་འགོག་གི་དྲིལ་སྒྲོག་བྱེད་སྒོ་སྤེལ།

2026-08-27
283

ཟླ་8ཚེས་26ཉིན། འབར་ཁམས་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིསདབང་སྐྱོན་སྔོན་འགོག་བྱ་སྤྱོད་ལག་བསྟར་བྱས་ནས། བདེ་ཐང་ཀྲུང་གོ་མཉམ་སྐྲུན་མཉམ་སྤྱོད་བྱེད་པའིབརྗོད་གཙོར་དམིགས་ནས། ཡུལ་དངོས་ནས་གཅིག་བསྡུས་དྲིལ་སྒྲོག་ཞབས་ཞུའི་བྱེད་སྒོ་སྤེལ།

    བྱེད་སྒོའི་ཡུལ་དངོས་ནས། ལས་བྱེད་མི་སྣའི་དྲིལ་སྒྲོག་འཕྲེལ་བྱང་འགལ་བ་དང་། དྲིལ་སྒྲོག་ལག་དེབ་དང་དམངས་ཕན་ལེགས་སྐྱེས་བྱིན་པ་སོགས་ཀྱི་རྣམ་པས། འགྲོ་འོང་གི་མང་ཚོགས་ལ་དབང་སྐྱོན་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་། ཆབས་ཅིག་ཏུ། ཡུལ་དངོས་ནས་རིན་མེད་ཀྱི་ལུས་པོའི་བརྟག་དཔྱད་ཞབས་ཞུ་སྤེལ་ནས། མང་ཚོགས་ལ་ཁྲག་ཤེད་འཇལ་བ་དང་། དོགས་གཞི་སེལ་བ་བཅས་བྱས་ཏེ། ཚང་མར་ཁྱིམ་སྒོ་ནས་དམངས་ཕན་གྱི་ཞབས་ཞུ་མྱོང་བར་བྱས།

    དྲིལ་སྒྲོག་གི་བརྒྱུད་རིམ་ཁྲོད། ལས་བྱེད་མི་སྣས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས། ཞིབ་ཚགས་སྒོས་བྱིས་པ་སྐྱེ་དུས་ཀྱི་ལྷན་སྐྱེས་ནད་གཞིས་དབང་བོ་སྐྱོན་ཅན་འབྱུང་བ་དང་། གློ་བུར་དུ་བྱུང་བའི་གནོད་འཚེས་དབང་བོ་སྐྱོན་ཅན་དུ་འགྱུར་བ་སོགས་སྔོན་འགོག་བྱེད་པའི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། གཙོ་བོར་དབང་བོ་སྐྱོན་ཅན་གྱི་སླར་གསོའི་རོགས་སྐྱོབ་དང་། སློབ་གསོའི་རོགས་སྐྱོབ། ལས་ཞུགས་རོགས་སྐྱོབ་སོགས་དམངས་ཕན་སྲིད་ཇུས་ཁྱབ་གདལ་བཏང་ནས། རྒྱ་ཆེའི་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་འགན་སྲུང་སྲིད་ཇུས་ཁག་གསལ་རྟོགས་ཡོང་བར་བྱས། 

ཏིང་འཛིན་བཀྲ་ཤིས་ཀྱིས་སྒྱུར་སྒྲིག་བྱས།


  • 顶