སློབ་རའི་སྤྱི་བའི་བདེ་འཇགས་སྲུང་ཡོལ་བརྟན་འཛུགས་བྱེད་པ་དང་། རྒྱ་ཆེའི་དགེ་སློབ་ཚོའི་ལུས་སེམས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་ཆེད། ཟླ་8ཚེས་25ཉིན། རྔ་བ་རྫོང་གིས་ཉིན་ལྔའི་རིང་གི་སྟོན་དུས་སློབ་སྐབས་ཀྱི་གློ་གཅོང་ནད་ཀྱི་ཆེད་དོན་བརྟག་བཤེར་ལས་དོན་སྤེལ་མགོ་བརྩམས།

ཐེངས་དེའི་བརྟག་བཤེར་ལས་དོན་བདེ་བླག་ངང་ལེགས་འགྲུབ་ཡོང་ཆེད། རྔ་བ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་སློབ་གསོའི་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་གཅིག་གྱུར་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། སྔར་ལུགས་ཀྱི་གཅིག་སྡུད་བརྟག་བཤེར་བྱེད་ཐབས་དེ་སྐོར་ཁག་བགོས་ནས་བརྟག་བཤེར་བྱེད་པའི་རྣམ་པར་བསྒྱུར་ཏེ། འོས་འཚམ་གྱིས་སློབ་གྲྭ་ཁག་དང་ལོ་རིམ་ཁག་གི་བརྟག་བཤེར་དུས་ཚོད་མི་འདྲ་བ་བྱས་ནས་གོ་རིམ་ལྡན་པར་སློབ་མ་ཚོའི་གློ་གཅོང་ནད་ལ་བརྟག་བཤེར་བྱས།


ཐེངས་དེའི་བརྟག་བཤེར་དུ་གློག་གཅོང་ནད་འབུའི་མཉམ་འདྲེས་སྤྲི་དཀར་དཔུང་ཁབ་ECདང་བྲང་ཁོག་གི་Xའོད་ཐིག་ཞིབ་བཤེར་ཟུང་འབྲེལ་བྱེད་ཐབས་ལག་བསྟར་བྱེད་བཞིན་པས། སྔར་ལུགས་ཀྱི་PPDབརྟག་བཤེར་བྱེད་ཐབས་དང་བསྡུར་ན་ཐེངས་དེའི་བརྟག་བཤེར་བྱ་ཐབས་ལ་སྔར་བས་ལེགས་བསྒྱུར་དང་རིམ་འཕར་བྱུང་ཡོད། བརྟག་བཤེར་གྱི་ཡུལ་དངོས་སུ། སྨན་བཅོས་མི་སྣས་ཡང་དག་པའི་གློ་གཅོང་ནད་ཀྱི་བརྟག་བཤེར་ལག་རྩལ་སྤྱད་དེ་སློབ་མའི་ཆ་འཕྲིན་ཐོ་འགོད་དང་སྔར་བྱུང་གི་ནད་ཀྱི་གནས་ཚུལ་འདྲི་ཞིབ་བྱས་ཏེ། ཚད་ལྡན་གྱི་འགྲོ་ལུགས་ལྟར་དུ་ECསྨན་ཁབ་བརྒྱབ་པ་དང་དེའི་མཇུག་འབྲས་ལ་ལྟ་ཞིབ་བྱེད་པ་བརྒྱུད། གློ་གཅོང་གི་ནད་ཡོད་པའི་དོགས་གཞི་ཅན་ལ་དུས་ཐོག་ཏུ་བྲག་ཁོག་གི་Xའོད་ཀྱི་སྤྱིན་ཤོག་བཀོད་སྒྲིག་བྱས་ནས་བརྟག་བཤེར་བྱས་ཏེ་ནད་བརྟག་གནད་འཁེལ་བྱེད་རྒྱུ་རེད། དེ་དང་དུས་མཚུངས་སུ། ལས་དོན་མི་སྣས་ཐེངས་དེའི་བརྟག་བཤེར་གྱི་གོ་སྐབས་དང་བསྟུན་ནས། སློབ་མ་དང་ཁོ་ཚོའི་ཉེ་འཁོར་གྱི་མི་རྣམས་ལ་གློ་གཅོང་ནད་ཀྱི་མཆེད་ལམ་དང་དེའི་སྔོན་འགོག་བྱ་ཐབས། ཉིན་རྒྱུན་གྱི་བདེ་ཐང་སྲུང་ཐབས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། སློབ་མ་ཚོས་འཚོ་བའི་གོམས་གཤིས་ཡག་པོ་ཞིག་རྒྱུན་འཁྱོངས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་། གོམ་གང་མདུན་སྤོས་ཀྱིས་སློབ་རའི་གློ་གཅོང་ནད་ཀྱི་འགོག་ཟོན་འདུ་ཤེས་ཆེ་རུ་བསྐྱེད།

རྗེས་ཕྱོགས་སུ། རྔ་བ་རྫོང་གིས་མུ་མཐུད་དུ་བརྟག་བཤེར་གྱི་རྗེས་མཐུད་ལས་དོན་སྤེལ་ཏེ། སློབ་མ་ཡོངས་ཀྱི་བརྟག་བཤེར་གཞི་གྲངས་ལ་ཕྱོགས་བསྡོམས་གནད་འཁེལ་བྱེད་རྒྱུ་དང་། སློབ་མའི་བདེ་ཐང་བརྟག་བཤེར་གྱི་ཡིག་ཚགས་བཟོས་ནས། བརྟག་བཤེར་མཇུག་འབྲས་རྒྱུན་ལྡན་མིན་པའི་སློབ་མ་ལ་རྗེས་མཐུད་བརྟག་བཤེར་སྔོན་འགོག་དང་ཀུན་གྲུབ་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་བྱེད་རྒྱུ་དང་ཆབས་ཅིག རྒྱུན་རྣམ་ངང་སློབ་རའི་འགོས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་དྲིལ་སྒྲོག་སློབ་གསོ་སྤེལ་རྒྱུ་དང་། རྒྱུན་མཐུད་ངང་སློབ་རའི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་འཛུགས་བྱེད་པ། ཕྱོགས་ཡོངས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སློབ་མ་ཚོའི་ལུས་སེམས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས། རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གིས་དུས་ལྟར་བདེ་བླག་ངང་སློབ་མགོ་འཛིན་རྒྱུར་རམ་འདེགས་བྱེད་རྒྱུ་རེད།
འཕྲིན་སྤེལ་བ། སྒྲོལ་དཀར་སྐྱིད།
འཕྲིན་སྟེགས། weikangba