2026ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ཟླ9པའི་ཚེས2ཉིན་སྤེལ་རྒྱུ་རེད།

2026-08-25
431

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན། 2026ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། 2026ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ཟླ9པའི་ཚེས2ཉིན་ནས་ཚེས10ཉིན་བར་ལྷོ་ཁ་གྲོང་ཁྱེར་གྱི་རྩེད་ཐང་གྲོང་ཁུལ་དུ་འཚོག་རྒྱུ་གཏན་འཁེལ་བྱས་ཡོད། 

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན2016ལོར་སྤེལ་མགོ་ཚུགས་པ་ནས་བཟུང་། ཧུའུ་ནན་དང་ཧུའུ་པེ། ཨན་ཧུའེ་ཞིང་ཆེན་གསུམ་གྱི་ཁ་གཏད་བོད་སྐྱོར་རོགས་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རིག་གནས་ཚོང་རྟགས་ཞིག་དང་། མི་རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་བཏང་ནས“བོད་འབྱུང་ལྷོ་ཁའི”ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ངོམ་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

སྐབས་འདིའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཧུའུ་པེ་ཞིང་ཆེན་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་སྤེལ་བ་རེད། བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ“རིག་གནས་ཀྱི་གར་སྟེགས་འཛུགས་པ་དང་། རིག་གནས་ཡུལ་སྐོར་མཉམ་འགུལ། དཔལ་འབྱོར་ཉོ་འཚོང་གི་གླུ་གར་འཁྲབ་པ། མང་ཚོགས་ཀྱིས་མཉམ་སྤྱོད”ཀྱི་དུས་ཆེན་སྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཡར་ཀླུང་གི་ལོ་རྒྱུས་རིག་གནས་དང་དམངས་སྲོལ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ནས་ས་གནས་ཀྱི་སྲོལ་དང་མཐུན་ཞིང་། རིག་གནས་ཀྱི་རྨང་མཐུག་པ། ཚང་མ་ཡོངས་སུ་ཞུགས་པའི་རིག་གནས་ཀྱི་རྒྱས་སྟོན་ཆེན་པོ་ཞིག་ཀུན་གྱི་མིག་ལམ་དུ་བཤམས་རྒྱུ་རེད།

ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ད་དུང་མགོ་ཚུགས་མཛད་སྒོ་དང་བརྗོད་གཞིའི་རིག་རྩལ་འཁྲབ་སྟོན། མང་ཚོགས་ཀྱི་རིག་གནས་འགྲེམ་འཁྲབ། ཚོང་འགུགས་དངུལ་འདྲེན་སོགས་ཕྲེང་བསྟར་བྱ་འགུལ་བཀོད་སྒྲིག་བྱས་ཡོད། མིག་སྔར་དུས་ཆེན་གྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱས་ནས་སྐབས་འདིའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་བདེ་འཇགས་དང་གོ་རིམ་ལྡན་པ། བདེ་བླག་ངང་གཉེར་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་གྲབས་ཡོད། །


  • 顶