ནག་ཆུས་སླར་ཡང་འཛམ་གླིང་གི་ཟིན་ཐོ་གསར་པ་ཞིག་བཏོད་འདུག

2026-08-24
343

ཉེ་ཆརགླིང་སྣེའི་ནག་ཆུ། དམར་ཉམས་ཀྱི་སོག་རྫོངགི་བྱང་ཐང་འབྲུག་མོ་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་དང་། སོག་རྫོང་ལ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་ཡི་གེ་རག་པ་སྟེ། སྤུ་རྒྱལ་གངས་རིའི་འཁྱགས་རོམ་ལགཟར་ཁྱད་ཆེ་ཤོས་ཀྱི་ཐུར་འཕྱང་འཁྱགས་རོམགྱི་མཚན་སྙན་ཐོབ་ནས་བོད་བྱང་ཐང་ས་མཐོར་སླར་ཡང་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཞིག་མང་དུ་སོང་ཡོད།



    སྤུ་རྒྱལ་གངས་རིའི་ལྗོངས་གཞུང་ཡུལ་སྐོར་མཛེས་ལྗོངས་ཁུལ་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་དུ་གནས་ཤིང་། སྤུ་རྒྱལ་གངས་རི་མཛེས་ལྗོངས་ཁུལ་གྱི་ལྟེ་བ་ཡིན་པ་དང་། མཛེས་ལྗོངས་ཁུལ་གྱི་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་ཞིང་། བྱང་ཐང་གི་དབུས་རྒྱུད་དུ་གནས་ཡོད་ལ་མཚོ་བོད་ས་མཐོའི་མཐའ་མཚམས་སུ་མཐོང་དཀོན་པའི་གཞི་ཁྱོན་ཆེ་བའི་ལུང་གཞུང་གི་ས་དབྱིབས་དང་གདོད་མའི་ལོ་མ་ཕྲ་མོའི་ནགས་ཁུལ་ཡང་ཡོད། 


    སྤུ་རྒྱལ་གངས་རིའི་ལྗོངས་གཞུང་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་བོད་བྱང་ཐང་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པའི་མ་དཔེ་གལ་ཆེན་ཞིག་རེད་ལ། ས་བབ་མཐོ་བའི་ས་ཁུལ་དུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་བསྟར་བའི་དཔེ་མཚོན་ཞིག་ཀྱང་རེད།




  • 顶