རི་བོ་ཆེ་རུ་ཁག་གི་ངོ་མཚར་བའི་རྐང་རྩེད་སྤོ་ལོའི་འགྲུལ་བཞུད།

2026-08-23
234

ཟླ་༨ཚེས་༢༢ཉིན་གྱི་དགོང་མོ་ཀུའེ་ཀྲོའུ་རོང་ཅང་ནས་ཚུན་ཁྲའོ་རྒྱལ་ཡོངས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་སྤེལ་བ་དང་། རི་བོ་ཆེའི་ངོས་ནས་བཤད་ན། འདི་ནི་བརྗེད་དཀའ་བའི་མཚན་མོ་ཞིག་རེད་ལ། བོད་ཀྱི་རྐང་རྩེད་སྤོ་ལོའི་ངོས་ནས་བརྗོད་ན་དེ་ནི་ལོ་རྒྱུས་གསར་པ་ཞིག་ཀྱང་རེད།

ཨང་གསུམ་པ་བརྩོན་ལེན་བྱེད་པའི་འགྲན་བསྡུར་ཐོག་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འགྲན་སྐར་༤:༠ཡི་ཐོག་ནས་ཧྲང་ཧའེ་ཅིན་ཧྲན་ཝུའེ་བརྒྱད་གཅིག་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་གསུམ་པ་བླངས་བ་དང་། འདི་ནི་བོད་ཀྱིས་ཚུན་ཁྲའོ་རྒྱལ་ཡོངས་འགྲན་བསྡུར་གྱི་ལོ་རྒྱུས་ཐོག་བླངས་པའི་གྲུབ་འབྲས་ཡག་ཤོས་དེ་རེད་ལ། བོད་ཀྱི་སྤོ་ལོ་རུ་ཁག་རྒྱལ་ཡོངས་འགྲན་བསྡུར་ནང་ཞུགས་པའི་ལོ་རྒྱུས་ཐོག་གྲུབ་འབྲས་ཡག་ཤོས་ཤིག་རེད།

འགྲན་བསྡུར་འདི་ལ་ཕྱིར་མིག་བལྟས་ཚེ་རུ་ཁག་དཀྱིས་མ་འདིས་ཚོགས་ཆུང་འགྲན་བསྡུར་ལས་རྩེ་གྲས་༡༦དང་རྩེ་གྲས་༨། རྩེ་གྲས་༤བཅས་ལས་རྣམ་པར་རྒྱལ་ནས་ཨང་གསུམ་པ་རྩོད་པའི་འགྲན་བསྡུར་ནང་བསླེབས་པ་དང་། འདི་ནི་ལེ་དབར་སྟོང་གི་ཆོད་པའི་གངས་ལྗོངས་ས་མཐོ་ནས་ཡོང་ཞིང་འགྲན་བསྡུར་དྲག་པོ་གང་མང་བརྒྱུད་ནས་རྒྱལ་ཁ་ཐོབ་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཞིག་ཡིན། ཡང་ཅིག་བཤད་ན་འདི་ནི་བོད་མིའི་བློ་བརྟན་འགྱུར་མེད་དང་བག་ཕེབས། སྟོབས་ཤུགས་བཅས་ཀྱི་གཤིས་རྒྱུད་མངོན་ཐུབ་པ་ཞིག་ཅི་ལ་མིན།

图片

རི་བོ་ཆེ་ནི་ཅི་འདྲ་ཞིག་ཡིན་ཞེ་ན།

དུས་རབས་འདིས་ཁ་པར་གྱི་བཞུར་ཚད་སོགས་ཀྱིས་ཁ་ལས་རླུང་རྟ་སྤྲད་པ་མ་ཡིན་པར། རུ་ཁག་འདིའི་སྒྲིག་ཁྲིམས་དམ་པོ་དང་ཡ་རབས་སྤྱོད་ཚུལ། བརྟན་བརླིང་བཅས་ཀྱིས་མི་སེམས་རབ་ཏུ་འགུགས་པར་བྱེད། རི་བོ་ཆེ་ནི་ས་དེའི་སྣོད་བཅུད་ཀྱི་བཀོད་པའི་དབང་གིས་དེ་ལྟར་བཏགས་པ་ཡིན་ལ། དེས་མཚོན་དོན་ཁོ་ཚོ་ས་མཐོའི་རི་བོ་ཆེན་པོ་བཞིན་བརྗིད་རྔམ་ལྡན་ཞིང་གདེང་ཚོད་ཀྱིས་ཁེངས་ཡོད་ལ། སྒམ་བརླིང་གི་ཁོག་རྒྱ་ཡོད་པའང་མཚོན་ཡོད།

图片

ཟླ་༨ཚེས་༨ཉིན་ཀུའེ་ཀྲོའུ་ཡི་ཚུན་ཁྲའོ་འགོ་ཚུགས་མཛད་སྒོར་འགྲེལ་བཤད་རྒྱག་མཁན་གྱིས་བྲེལ་འཚུབ་ངང་རི་བོ་ཆེའི་མིང་བཤད་ནོར་ཤོར་ཡོད་ཀྱང་།  རྐང་རྩེད་སྤོ་ལོའི་རུ་མི་ཚོས་འཁང་ར་ཅི་ཡང་མི་བྱེད་པར་བརྒྱུད་རིམ་ཧྲིལ་པོར་འཛུམ་མདངས་བསྟན། གནས་ཚུལ་དེ་ཐོན་རྗེས་མདོ་འཛིན་པས་སེམས་མ་བཟོད་པར་རུ་མི་ཚོ་མཚན་ཟས་མགྲོན་འབོད་བྱས་ཀྱང་རུ་མི་ཚོས་རང་འགུལ་གྱིས་ཟས་རིན་སྤྲད་པར་མ་ཟད། མདོ་འཛིན་པར་རིག་གནས་ཡུལ་སྐོར་འོས་སྦྱོར་དཔོན་གྱི་གདན་ཞུའི་ཡི་གེ་སྤྲད་པས། གོ་ལོག་བྱུང་བའི་གནས་ཚུལ་དེ་མེད་པར་བཟོས་བ་དང་། འདི་ཡང་ཚུན་ཁྲའོ་གར་སྟེགས་ཐོག་གི་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་སྐད་ཅིག་མ་ཞིག་ཏུ་གྱུར་ཡོད།

图片

图片

འགྲན་རའི་ཐོག་ཁོ་ཚོས་སླར་ཡང་རང་གི་སྟོབས་ཤུགས་དངོས་ལ་བརྟེན་ནས་དོ་ཁུར་བྱེད་མཁན་དག་ལ་ངོ་མཚར་ཆེ་བའི་འགྲན་བསྡུར་ཕུལ་ཡོད་ཅིང་། ཚོགས་ཆུང་འགྲན་བསྡུར་ལས་རྒྱལ་ཁ་བླངས་པ་དང་རིམ་གྱིས་གྲལ་འབུད་འགྲན་བསྡུར་རེ་རེ་ལས་རྣམ་པར་རྒྱལ་ནས་གཡུར་ཟའི་གྲུབ་འབྲས་བླངས་པ་རེད།

图片

འགོ་ཚུགས་མཛད་སྒོ་ལ་ཕྱིར་མིག་ཐེངས་གཅིག་བལྟས་ཚེ་དེའི་སྟེང་གི་རུ་མིའི་འཛུམ་མདངས་དེ་ནི་ཁོག་རྒྱ་ཆེ་མདོག་བསྟན་པ་ཞིག་གཏན་ནས་མ་ཡིན་པས། དེ་ནི་ངང་རྒྱུད་རིང་ལ་བརྟན་ཞིང་བརླིང་བའི་རང་རློམ་ཡིན་ཞིང་།

ཚུན་ཁྲའོ་ཡི་ཨང་གསུམ་པ་བརྩོན་ལེན་བྱེད་པའི་་འགྲན་བསྡུར་ཐད་གཏོང་བྱེད་སྐབས་འགྲེལ་བཤད་རྒྱག་མཁན་གྱིས་བྱང་ཆུབ་ལྷ་མོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཏམ་རྒྱུད་གླེང་བ་དང་། རི་གྲོང་ལས་མཆེད་པའི་མཛེས་སྡུག་གི་གཏམ་རྒྱུད་འདིས་རི་བོ་ཆེ་མི་དམངས་ཀྱི་བློ་བརྟན་འགྱུར་མེད་དང་བརྩེ་བ་ཟབ་མོ་མཚོན་ཡོད།

རུ་མི་ཚོས་རང་གི་ཕ་ཡུལ་ལ་བཅངས་བའི་བརྩེ་བ་རུམ་ལ་བཅུག་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་རྐང་རྩེད་སྤོ་ལོར་བརྟེན་ནས་རང་ལ་བརྩི་མཐོང་བྱས་ཡོད།

སེམས་ཀྱི་ངར་ཤུགས་འདིས་དེ་སྔར་ཐོན་པའི་རྩོད་གཞི་ཡང་མེད་པར་བཟོས་ཤིང་རྒྱལ་ཡོངས་ཀྱི་དྲ་གྲོགས་ཚོར་རི་བོ་ཆེ་ངོ་ཤེས་སུ་བཅུག་པ་རེད།

图片

ཨང་གསུམ་པའི་འབྲས་བཟང་བླངས་བའི་རི་བོ་ཆེའི་རྐང་རྩེད་སྤོ་ལོ་རུ་ཁག་འདི་ནི་རྒྱབ་ལྗོངས་ཅི་ཡང་མེད་པའི་རུ་ཁག་དཀྱུས་མ་ཞིག་ཡིན།

图片

རྩལ་ཁྲིད་པ་གཙོ་བོ་ཤེས་རབ་རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན། རུ་མི་མང་ཆེ་བ་ནི་ས་གནས་དེ་གའི་ཞིང་འབྲོག་པ་དང་སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མ་ཡིན་ཞིང་། རུ་མི་ཆུང་ཤོས་ལོ་༡༧ཡིན་པ་དང་། ཁོ་ཚོར་ཆེད་ལས་སྦྱོང་བརྡར་བྱེད་སའི་ལུས་རྩལ་ཐང་མེད་ཅིང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡང་མེད། འདི་འདྲའི་རྒྱལ་ཁ་བླངས་པ་ནི་ཁོ་ཚོས་རྐང་རྩེད་སྤོ་ལོར་བཅངས་པའི་དགའ་ཞེན་ལས་བྱུང་བ་ཡིན།

图片

ཐག་རིང་པོ་བརྒྱུད་ནས་རོང་ཅང་དུ་འགྲན་བསྡུར་ནང་ཞུགས་སྐབས། རུ་མི་ཚོས་ས་དམའ་སར་མ་གོམས་པ་དང་ཚ་གྲང་སོགས་ཀྱི་དཀའ་སྡུག་བྱུང་ཡང་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགྲན་བསྡུར་རེ་རེ་དཔའ་ངར་ཆེན་པོས་བསུས་པ་རེད།

图片

ཐེངས་རེ་རེར་འགྲན་བསྡུར་བྱས་རྗེས། རུ་ཁག་ཡོངས་ཀྱིས་བརྙན་པར་བརྒྱུད་ནས་རུ་ཁག་གཞན་གྱི་ལེགས་ཆར་སློབ་སྦྱོང་བྱས་ནས་ཞིབ་ཕྲའི་ངང་ཉམས་མྱོང་བསྡུ་ལེན་བྱས་ཏེ་རང་དང་གཞན་གྱི་ཁྱད་པར་བཙལ་ཞིང་། རང་ཉིད་ཀྱི་སྦྱོང་བརྡར་ལ་མཐོར་འདེགས་བཏང་ནས་གྲུབ་འབྲས་ཡག་པོ་ལེན་ཐུབ་ཡོད།

图片

འགྲན་བསྡུར་མ་བྱས་གོང་རི་བོ་ཆེ་རུ་ཁག་གི་རུ་མི་ཚོས་ལག་ཏུ་ཁ་བཏགས་འཁྱེར་ནས་འགྲན་ཡར་གུས་འདུད་ཀྱི་ཚུལ་དུ་ལེགས་སྐྱེས་ཕུལ་ཞིང་། འགྲན་བསྡུར་མཇུག་བསྒྲིལ་རྗེས་རུ་མི་ཚོས་དཀའ་ངལ་ལ་མ་འཛེམ་པར་ལག་སྒྲོན་ཁྱེར་ནས་འགྲན་རའི་གད་སྙིགས་གཙང་ཕྱགས་བྱས་པ་དང་། སྤྱོད་ཚུལ་འདིས་རུ་མི་འདི་ཚོར་རང་གཅུན་ནན་པོ་དང་ལྷག་བསམ་རྣམ་དག བསམ་པ་བཟང་བོ་ཡོད་པོ་མཚོན་ཡོད།

图片

གངས་ལྗོངས་བོད་མི་སྒམ་བརླིང་གི་བློ་ཁོག་ཡངས་པོ་དང་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་སྙིང་སྟོབས། བག་ཕེབས་ཁོག་ཡངས་ཀྱི་འཇིག་རྟེན་སྤྱོད་ཚུལ་དག་བརྙན་མིག་ལས་མཐོང་ཞིང་། དྲ་གྲོགས་ཚོས་སྤེལ་བའི་དཔྱད་བརྗོད་རེ་རེ་དང་བརྒྱུད་བསྐུར་རེ་རེ་བརྒྱུད་ནས་མི་མང་ཁྲི་སྟོང་མང་པོས་བསྟོད་བསྔགས་ཐོབ་ཡོད་ལ། ལྗིད་ཏིག་ཏིག་གི་དགའ་ཞེན་དེ་ཡང་རི་བོ་ཆེ་རུ་ཁག་གི་རུ་མི་ཚོས་འགྲན་རའི་ཐོག་ནུས་ཤུགས་ཡོད་རྒུ་བཏོན་པའི་མཐུན་རྐྱེན་དུ་གྱུར་ཡོད། རྒྱལ་ཕམ་གང་ཞིག་ཐོབ་རུང་ཐོག་མཐའ་བར་གསུམ་དུ་ཁོ་ཚོས་རྒྱབ་ཏུ་ལྷག་བསམ་ཟོལ་མེད་ཀྱི་མི་མང་ཡོད་པ་ཚོར་ཡོད།

图片

རི་བོ་ཆེ་རུ་ཁག་ནི་ཐེངས་འདིའི་ཚུན་ཁྲའོ་ཐོག་བསྟོད་པར་འོས་བའི་རུ་ཁག་ཅིག་ཡིན་ལ། དེ་ལས་བོད་ལྗོངས་ཀྱི་ཡར་རྒྱས་ཡར་ཐོན་གྱི་རྣམ་པ་ཡང་མངོན་པར་བྱས་ཡོད།

མཐའ་མཚམས་ཀྱི་རྫོང་གཅིག་གི་སྤོ་ལོ་རུ་ཁག་རྒྱལ་ཡོངས་དམངས་ཁྲོད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་རར་ཞུགས་ཐུབ་པ་ནི་སྟེས་དབང་ཞིག་གཏན་ནས་མ་ཡིན་པར། ཚུན་ཁྲའོ་ལ་ཞུགས་པའི་བོད་ཀྱི་རུ་ཁག་མང་པོ་ཞིག་ལ་སྒྲིག་ཁྲིམས་ཡོད་ལ། ཉམས་འགྱུར་ལྡན་པ་དཔའ་ངར་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པ་དང་། རྐང་རྩེད་སྤོ་ལོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་ནས་དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བ་དང་། དེར་མ་ཟད་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་མཚོན་ཞིང་།  ལུས་རྩལ་ལ་འབྲས་བཟང་ཐོབ་པ་དང་རིག་གནས་ཡུལ་སྐོར་གྱིས་སྐད་གྲགས་བཞག་པ་སོགས་ཀྱིས་གྲོང་ཁྱེར་ཞིག་གི་དཔལ་འབྱོར་སྟོབས་ཤུགས་དང་དམངས་འཚོའི་ལས་དོན་ཇེ་རྒྱས་ཇེ་བཟང་དུ་འགྲོ་བཞིན་པ་མཚོན་ཞིང་། རི་བོ་ཆེ་ཡི་རྐང་རྩེད་སྤོ་ལོའི་གཏམ་རྒྱུད་ལས་བོད་ཀྱི་གཞི་རིམ་མང་ཚོགས་ཀྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་པ་རྒྱུན་མཐུད་ངང་ཇེ་ཡག་ཏུ་འགྲོ་བ་དང་། དུས་རབས་གསར་པའི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡག་ཐོག་ཡག་བརྩེགས་བྱུང་བའི་རྣམ་པ་ཡང་མཚོན་ཡོད།

图片

图片

图片

ཐེངས་འདིར་ཁ་རུབ་རུ་ཁག་དང་དཔའ་ཤོད་རུ་ཁག་རྩེ་གྲས་༡༦ལས་བརྒལ་མ་ཐུབ་ཀྱང་། རྒྱལ་ཡོངས་མི་དམངས་ཀྱི་སེམས་སུ་ཁམས་པའི་བུ་ཕྲུག་ཚོར་དཔའ་ཉམས་དང་ངར་ཤུགས་ལྡན་པའི་བག་ཆགས་ཡག་པོ་བཞག་ཡོད། ཤན་རྩ་རྫོང་གི་རུ་ཁག་འདི་ནི་༢༠༢༢ལོར་ས་གནས་དེ་གའི་འབྲོག་པས་བཙུགས་པའི་རུ་ཁག་ཅིག་ཡིན་ཞིང་། འགྲན་བསྡུར་ཆེ་མོའི་ཉམས་མྱོང་མེད་རྐྱེན་ཐེངས་འདིར་རྩེ་གྲས་༣༢ལས་བརྒལ་མ་ཐུབ་ཀྱང་། བྱང་ཐང་གི་རྐང་རྩེད་སྤོ་ལོའི་གསར་སྐྱེས་ཀྱི་སྟོབས་ཤུགས་མངོན་པར་བྱས་ཡོད།

ཐེངས་འདིའི་བོད་ཀྱི་རུ་ཁག་བཞི་པོར་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཉམས་འགྱུར་ཡོད་ཅིང་འབྲས་བཟང་ཡང་མི་དམན་པ་བླངས་ཡོད།

ཁོ་ཚོས་རྐང་རྩེད་སྤོ་ལོར་བརྟེན་ནས་བོད་ཀྱི་སྒེའུ་ཁུང་གཞན་ཞིག་ཕྱེ་སྟེ་རྒྱལ་ཡོངས་ཀྱི་དྲ་གྲོགས་ཚོར་གསོན་ཉམས་དོད་པའི་བོད་ལྗོངས་ཀྱི་ཉམས་འགྱུར་མཐོང་དུ་བཅུག་ཡོད། འགྲན་བསྡུར་བྱེད་སྐབས་ཁོ་ཚོས་འབད་བརྩོན་དང་དགའ་ཞེན། འགྲན་རའི་ཕྱི་རོལ་དུ་ཁོ་ཚོའི་བཟོད་སྒོམ་དང་ཁོག་རྒྱ་ཡིས་བོད་ལྗོངས་ནི་རྒྱང་ཐག་རིང་ཞིང་རྒྱུས་མངའ་མེད་པ་ཞིག་མ་ཡིན་པར་གུས་ཞབས་དང་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཡིན་པ་མཚོན་ཡོད།

图片

འགྲན་བསྡུར་མཇུག་སྒྲིལ་ན་ཡང་བོད་ཀྱིས་ཁྱེད་ཅག་ལ་ཕུལ་སྲིད་པའི་ངོ་མཚར་གྱི་ལྟད་མོ་རྒྱུན་ཆད་མེད་པ་ཡོད་ངེས་ལ། འགྲན་བསྡུར་འདིའི་འབྲས་བཟང་འདི་ནས་འགོ་བཙུགས་ཏེ་དུས་རབས་གསར་པའི་བོད་ལ་དངོས་སུ་མྱོང་རོལ་ཅིག་བྱེད།

འགྲན་བསྡུར་རྗེས་མའི་ཁྲོད་ཁྱོད་ཡང་བོད་ལྗོངས་ཀྱི་རུ་ཁག་གང་འདྲ་ཞིག་འཕྲད་སྲིད།


  • 顶